41776

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་གྱི་གཙོ་བོ་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པའོ། །དབྱེ་ན། མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ་མོ། །ཡང་དེ་ཉིད་ལས། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ནི། རང་དང་དུས་མཉམ་པའི་རང་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །པཎ་ཆེན་ངག་ཆོས་ཀྱིས། དབྱེ་ན། རང་སྲས་ཐེག་དམན་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་སོགས་གསུམ། ཞེས་དང། ཡང་དེ་ཉིད་ལས། དེས་ན་ཐེག་པ་ཆེ་ཆུང་གི་མཐོང་སྒོམ་གྱི་ལམ་རྣམས་རང་སྲས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་དང་རང་རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ཀ་ཡིན་པས། སྤྱིར་སྐྱེད་བྱེད་དང་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ཀ་ཡིན་ལ། རང་སྲས་འཕགས་པའི་སྐྱེད་བྱེད་དང་དེའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ནི་འགལ་ཏེ། དེའི་སྐྱེད་བྱེད་ཀྱི་ཡུམ་ཡིན་ན། དེའི་སྔ་ལོགས་སུ་བྱུང་བས་ཁྱབ། དེའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ཡིན་ན། དེ་དང་དུས་མཉམ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས།
Domain ཆོས་ལུགས།
བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ (2)
Part of speech མིང་ཚིག
Definition རང་སྲས་འཕགས་པའི་བཞེད་དོན་སྒྲུབ་ནུས་ཀྱི་མཁྱེན་པ་དེ། བཞེད་དོན་སྒྲུབ་ནུས་ཀྱི་ཡུམ་མམ། འདིར་བསྟན་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཡུམ་གྱི་མཚན་ཉིད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས།