41798
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། སྙིང་རྗེ་དང་ལྷག་མཐོང་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། བཞོན་པ་རྟ་ཅང་ཤེས་ལྟ་བུ་ཡིན་ཏེ། མཐའ་གཉིས་སུ་མི་ལྟུང་པར་རྫོགས་པའི་བྱང་ཆུབ་ཏུ་བདེ་བླག་ཏུ་འགྲོ་བའི་ཕྱིར། འདི་སྙིང་རྗེ་དང་ལྷག་མཐོང་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་ནི། བཞོན་པ་བཟང་པོ་ལྟ་བུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མི་ལྟུང་བས་མི་གནས་པའི་མྱང་འདས་སུ་བདེ་བླག་ཏུ་འགྲོ་བར་བྱེད་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |