41799

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཞོན་པ་སྦྱིན་པའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། རྐང་པ་ཤིན་ཏུ་གཞོན་པར་འགྱུར་བ། རྐང་པ་ཤིན་ཏུ་གནས་པར་འགྱུར་བ། རྐང་པས་འགྲོ་ན་ལུས་ངལ་བ་མི་འགྱུར་བ། བདེ་བར་འགྱུར་བ། མི་མཛའ་བ་མང་བར་མི་འགྱུར་བ། རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ། བཞོན་པ་རྣམས་ཀྱིས་བྲེལ་པར་མི་འགྱུར་བ། རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པའོ། །
Domain ཆོས་ལུགས།