41822

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཟང་པོ་ (1)
Part of speech རྒྱན་ཚིག
Definition ལེགས་པའམ་དགེ་བ་དང་། ཕན་པའི་རང་བཞིན་ཅན།
Keyword True
Example བྱ་བ་བཟང་པོ་ཞིག་སྒྲུབ་ཀྱིན་ཡོད། དེ་ལས་བཟང་བ་ཞིག་སྒྲུབས། དོན་དག་བཟང་ཤོས་དེ་བྱོས་ལྟ་བུ།
Antonyms ངན་པ།
Adj Com Sup (?) བཟང་པོ། བཟང་བ། བཟང་ཤོས།
བཟང་པོ་ (1)
Part of speech མིང་ཚིག
Definition འཕགས་པ་གནས་བརྟན་བཅུ་དྲུག་གི་ཡ་གྱལ་ཏེ། ཆུ་བོ་ཡ་མུ་ནའི་གླིང་ན་བཞུགས་པའི་གནས་བརྟན་ཞིག
བཟང་པོ་ (2)
Part of speech མིང་ཚིག
Definition དབང་ཕྱུག་ཆེན་པོ་སྟེ། མཚན་དཔེ་རྣམ་པར་བཀྲ་བས་དེ་ལྟར་བཏགས།
Type མངོན་བརྗོད།
བཟང་པོ་ (3)
Part of speech མིང་ཚིག
Definition གྲངས་ཀ་དྲུག་སྟེ། ཛཱ་ཏི་སྙིང་གི་བཟང་པོ། ཅུ་གང་གློ་བའི་བཟང་པོ། གུར་གུམ་མཆིན་པའི་བཟང་པོ། ལི་ཤི་སྲོག་རྩའི་བཟང་པོ། སུག་སྨེལ་མཁལ་མའི་བཟང་པོ། ཀ་ཀོ་ལ་མཚེར་པའི་བཟང་པོ་བཅས་དྲུག་ཡོད་པས་དེ་ལྟར་བཏགས།
བཟང་པོ་ (4)
Part of speech མིང་ཚིག
Definition སྐར་རྩིས་ལུགས་ཀྱི་སྦྱོར་བ་ཉེར་བདུན་གྱི་ནང་གསེས་ཤིག
Domain རྩིས་རིག
བཟང་པོ་ (5)
Part of speech མིང་ཚིག
Definition ཟླ་བ་ཡར་ངོའི་བཟང་པོ་དང་པོ་ནི་ཚེས་པ་གཉིས། བཟང་པོ་གཉིས་པ་ནི་ཚེས་པ་བདུན། བཟང་པོ་གསུམ་པ་ནི་ཚེས་པ་བཅུ་གཉིས། ཟླ་བ་མར་ངོའི་བཟང་པོ་དང་པོ་ནི་ཚེས་པ་བཅུ་བདུན། བཟང་པོ་གཉིས་པ་ནི་ཚེས་པ་ཉེར་གཉིས། བཟང་པོ་གསུམ་པ་ནི་ཚེས་པ་ཉེར་བདུན་བཅས་ཡིན།