41928
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས་བྱུང་བ་སྟེ། ༡ བཅོས་མ་མ་ཡིན་བསམ་པའི་བཟོད་པ། ༢ ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ལྷག་པའི་བསམ་པའི་བཟོད་པ། ༣ སེམས་ཅན་ཐམས་ཅད་ལ་མི་སླུ་བས་གཡོ་མེད་པའི་བཟོད་པ། ༤ དབུལ་ཞིང་ཕོངས་པ་ཡོངས་སུ་སྐྱོབ་པས་སྙིང་བརྩེ་ཞིང་སྙིང་རྗེ་བའི་བཟོད་པ། ༥ ལྡོག་པ་མེད་པས་ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པའི་བཟོད་པ། ༦ ལྟ་བར་སོང་བ་དང་བྲལ་བས་སྟོང་པ་ཉིད་ཀྱི་བཟོད་པ། ༧ ཆོས་ཉིད་ལ་རྟོན་པས་ཆོས་ངེས་པར་སེམས་པའི་བཟོད་པ། ༨ བདག་མེད་པས་ཟབ་མོའི་བཟོད་པ། ༩ འཕགས་པའི་སྐྱེ་བོའི་རྗེས་སུ་འཇུག་པ་དང་མཐུན་པའི་བཟོད་པ། ༡༠ རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པའི་ཡང་དག་པའི་བཟོད་པ། ༡༡ སེམས་ཅན་ཐམས་ཅད་རྗེས་སུ་སྲུང་བས་ངོ་བྱེད་པའང་མེད་ལ་མི་མཐུན་པའང་མེད་པའི་བཟོད་པ། ༡༢ མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་ཕྱིར་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་བཟོད་པ་བཅས་སོ། ། |
| Domain | ཆོས་ལུགས། |