42003

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཟོད་པའི་ཕར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། ཕྱིན་དྲུག་གི་ཡ་གྱལ་ཞིག་སྟེ། ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུག་པའི་སེམས་དགེ་བ་ས་བོན་དང་བཅས་པ།
Domain ཆོས་ལུགས།

{{#arraymap:བཟོད་པའི་ཕར་ཕྱིན་

|; |@@@ | | }}

བཟོད་པའི་ཕར་ཕྱིན་ (2)
Part of speech མིང་ཚིག
Definition བཟོད་པའི་མཚན་ཉིད་ནི། གཞན་གྱིས་གནོད་པ་བྱས་པ་ལ་སེམས་མི་འཁྲུགས་པའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དབྱེ་ན། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། །བཟོད་པའི་མཚན་ཉིད་ནི། འཁོར་གསུམ་ཡོངས་སུ་དག་པའི་མི་འཁྲུགས་པའི་བདག་ཉིད་དོ། །སྒྲ་དོན་ནི། ཁྲོ་བ་བཟོད་པའོ། །དབྱེ་ན། སྡུག་བསྔལ་དང་དུ་ལེན་པ་དང། གནོད་པ་ལ་ཇི་མི་སྙམ་པ་དང། ཆོས་ལ་ངེས་རྟོག་གི་བཟོད་པའོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །བཟོད་པ་ནི། སྲན་ཐུབ་པའི་སེམས་པ་སྟེ། དབྱེ་ན། གནོད་བྱེད་ཀྱིས་མི་འབྱེད་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། །

{{#arraymap:བཟོད་པའི་ཕར་ཕྱིན་

|; |@@@ | | }}