42190

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:07, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བར་དོའི་རང་བཞིན་བཤད་པ་ལས་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་བཞི་པ་ལས་བྱུང་བ་སྟེ། ༡ ཆོས་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་མངོན་ཤེས་ཀྱིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་དུས་གཅིག་ལ་ཤེས། ༢ མེ་ལོང་ལྟ་བུས་འདས་པའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་དུས་གཅིག་ལ་ཤེས། ༣ མཉམ་པ་ཉིད་ཀྱིས་ད་ལྟའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་དུས་གཅིག་ལ་ཤེས། ༤ སོ་སོར་རྟོག་པས་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་དུས་གཅིག་ལ་ཤེས། ༥ བྱ་བ་གྲུབ་པས་འདས་པའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་དུས་གཅིག་ལ་ཤེས། ༦ མི་གནས་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་ད་ལྟའི་སེམས་ཅན་རྣམས་འཆི་འཕོ་ཤེས་པའོ། །
Domain ཆོས་ལུགས།

{{#arraymap:བར་དོའི་རང་བཞིན་བཤད་པ་ལས་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་

|; |@@@ | | }}