42432
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྒྱུད་ནས་གནོད་པའི་འགལ་ཟླ་ཞེས་པ་ནི་ཆོས་དེ་རང་སྟོབས་ཀྱིས་དངོས་སུ་གནོད་པ་མིན་པར་གཞན་གྱིས་གྲོགས་དང་བཅས་པའི་སྒོ་ནས་གནོད་བྱ་གནོད་བྱེད་དུ་སོང་བ་དེའི་ཅིག་ཤོས་ལ་ལྟོས་ཏེ་ཆོས་གཞན་དེ་ལ་བརྗོད་པ་ཡིན་ཏེ། དཔེར་ན་དུ་བ་དྲག་ཏུ་འཕྱུར་བ་དང་ལྡན་པའི་གཞི་ལ་གྲང་རེག་རྒྱུན་ཆགས་སུ་མི་གནས་པ་བཞིན་ནོ། །དེ་ཡང་དཔེའི་སྒོ་ནས་དོན་ལ་བདག་མེད་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་དང་སྦྱིན་སོགས་ཐབས་ཀྱི་ཆར་གཏོགས་པ་རྣམས་ཀྱིས་ཀྱང་བདག་འཛིན་ལ་གནོད་པར་ཤེས་པའི་ཆེད་དུ་ཡིན་ནོ། །དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། འགལ་དམིགས་ཀྱི་གཏན་ཚིགས་ཐམས་ཅད་དངོས་སུ་གནོད་པའི་འགལ་ཟླ་རྟགས་སུ་བཀོད་པ་དང། བརྒྱུད་ནས་དངོས་སུ་གནོད་བྱེད་སྒྲུབ་པའི་སྒོ་ནས་དགག་བྱ་འགོག་པའི་འགལ་དམིགས་ཀྱི་གཏན་ཚིགས་གཉིས་སུ་འདུས་པར་ངེས་པའི་ཕྱིར་དུ། སྐབས་འདིར་རང་བཞིན་འགལ་དམིགས་དང་། འགལ་འབྲས་དམིགས་པའི་རྟགས་གཉིས་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |