From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བརྒྱུད་འགལ་ (1)
| Part of speech
|
མིང་ཚིག
|
| Definition
|
བརྒྱུད་འགལ་གྱི་མཚན་ཉིད་ནི། ཆོས་གང་ཞིག་ཆོས་གཞན་ལ་བརྒྱུད་ནས་གནོད་བྱེད་དོ། །རང་མིན་གྱི་ཁྱབ་བྱེད་འགོག་པ་དེ། རང་མིན་གྱི་ཁྱབ་བྱེད་དེ་དང་བརྒྱུད་འགལ་གྱི་མཚན་ཉིད།
|
| Example
|
བྱས་པ་དང་། རྟག་པ་དང་། དངོས་པོ་དང་། རྟག་དངོས་དང་། ངེས་དངོས་དང་། ལྟོས་བཅས་ལྟ་བུའོ། །བརྒྱུད་འགལ་ཡིན་ན། དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་པའི་དོན་ཡང་། དངོས་འགལ་གྱི་འགལ་ཟླ་གནོད་བྱེད་དེ་དང་ཡིན་ཁྱབ་མཉམ་ཡིན་པ་དང་། དེའི་བྱེ་བྲག་ཐམས་ཅད་དངོས་འགལ་གྱི་གནོད་བྱ་དེ་དང་བརྒྱུད་འགལ་ཡིན་ལ། དངོས་འགལ་གྱི་གནོད་བྱ་དགག་པ་དེ་དང་ཡིན་ཁྱབ་མཉམ་དང་། དེའི་བྱེ་བྲག་ཐམས་ཅད་ནི་གནོད་བྱེད་དེ་དང་བརྒྱུད་འགལ་མ་ཡིན་ཏེ། གནོད་བྱ་དེ་གནོད་བྱེད་དེ་དང་དངོས་འགལ་མ་ཡིན་པའི་ཕྱིར་རོ། །རང་མིན་གྱི་ཁྱབ་བྱེད་འགོག་པའི་དོན་ཡང་བྱས་པའི་རང་མིན་ནི་མ་བྱས་པ་ཡིན་ལ། དེའི་ཁྱབ་བྱེད་ནི་རྟག་པ་ཡིན་པས་དེ་འགོག་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། བརྒྱུད་འགལ་ལམ་ཕན་ཚུན་སྤངས་པས་ཁྱད་པར་དུ་བྱས་པའི་འགལ་བ་ནི། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། རང་མིན་ཏེ་རང་གི་འགལ་བ་མི་མཐུན་ཕྱོགས་དེའི་ཁྱབ་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའོ། །མཚན་གཞི་ནི། བྱས་པ་དང་རྟག་པ་ལྟ་བུ་དང་། ལྟོས་བཅས་དང་ངེས་དངོས་བཞིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། །
|
| Domain
|
ཚད་མ།
|
བརྒྱུད་འགལ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕན་ཚུན་སྤང་འགལ་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། བརྒྱུད་འགལ་གྱི་མཚན་ཉིད། ཆོས་དེ་དང་མི་མཐུན་པར་གནས་པ་གང་ཞིག །ཆོས་དེ་རྣམ་པར་བཅད་ལྡོག་ཏུ་གནས་པ་མ་ཡིན་པ། དཔེར་ན་བྱས་པ་དང་རྟག་པ་ལྟ་བུའོ། །ཞེས་གསུངས།
|