42644
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། གཞི་དེ་ལ་སོ་སོ་བརྟགས་འགོག་དང་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ལས་སོ་སོར་བརྟགས་མིན་གྱི་འགོག་པ་སྔོན་ལ་ཐོབ་པ་སྟེ། སོ་སོར་བརྟགས་འགོག་དང་བརྟགས་མིན་གཉིས་ཀྱི་སྔ་ཐོབ་དང་ཕྱི་ཐོབ་ལ་མུ་བཞི་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང་བརྟགས་འགོག་དང་བརྟགས་མིན་གཉིས་ཀྱི་སྔ་ཐོབ་དང་ཕྱི་ཐོབ་ལ་ཡང་མུ་བཞི་སྟེ། གཞི་དེ་ལ་བརྟགས་འགོག་སྔོན་ལ་ཐོབ་ཅིང་བརྟགས་མིན་རྗེས་སུ་ཐོབ་པ་ནི། དད་མོས་པས་སྒོམ་སྤང་སྤངས་པ་ལྟ་བུ་སྟེ། དེའི་ཚེ་སྒོམ་སྤང་སྤངས་པའི་བརྟགས་འགོག་ཐོབ་ཀྱང་ཉམས་པ་སྲིད་པའི་ཕྱིར་བརྟགས་མིན་མ་ཐོབ་ལ། སླར་དབང་པོ་རྣོན་པོར་འཕོས་པའི་ཚེ་བརྟགས་མིན་ཐོབ་པའི་ཕྱིར། གཞི་དེ་ལ་བརྟགས་མིན་སྔོན་ལ་ཐོབ་ཅིང་བརྟགས་འགོག་རྗེས་སུ་ཐོབ་པ་ནི། བཟོད་པ་ཐོབ་པའི་ཚེ་ངན་འགྲོའི་ཕུང་པོ་རྒྱུན་ཆད་པ་ལྟ་བུ་སྟེ། དེའི་ཚེ་ངན་འགྲོའི་ཕུང་པོ་ལ་བརྟགས་མིན་ཐོབ་ཀྱང་དེ་ལ་བརྟགས་འགོག་མ་ཐོབ་སྟེ། བརྟགས་འགོག་སྒོམ་ལམ་ཐོབ་པ་ན་ཐོབ་པའི་ཕྱིར། གཉིས་ཀ་དུས་མཉམ་དུ་ཐོབ་པ་ནི། མཐོང་ཐོབ་པས་སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པ་ལྟ་བུ་སྟེ། དེའི་ཚེ་སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པའི་བརྟགས་འགོག་དང་བརྟགས་མིན་གཉིས་ཀ་ཅིག་ཆར་དུ་ཐོབ་པའི་ཕྱིར། གཉིས་ཀ་མ་ཐོབ་པ་ནི་དེ་ལས་གཞན་པ་མང་དུ་མཆིས་སོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |