42803

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེ་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ (1)
Part of speech མིང་ཚིག
Definition གཙང་སྟོད་འདར་གྱི་སའི་ཆར་སེའི་རིགས་ལས་སྐྱེས་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས། འཕགས་ཡུལ་ཀུ་རུ་ཀྵེ་ཏྲར་བྲམ་ཟེ་གཙང་མའི་རིགས་སུ་འཁྲུངས་པ་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་བ་ལ་བྷ་དྲ་དང་། པཎྜི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ་མཆེད་ཀྱི་དྲུང་དུ་གཞུང་གི་སྒྲ་སྒྲུབ་དང་གོ་དོན་དཔེར་བརྗོད་སོགས་ལེགས་པར་ཉན་ཏེ་བསྒྱུར། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་“རཱ་མ་ཙནྡྲས་མཛད་པའི་པྲ་ཀྲི་ཡ་ཀུ་རུ་ཀྵེ་ཏྲའི་བྲམ་ཟེ་གཙང་མའི་རིགས་ལས་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་བ་ལ་བྷ་དྲ་དང་གོ་ཀུ་ལ་མི་ཤྲཱ་མཆེད་དང་། མ་ཧཱ་ལོ་ཙཱ་བ་སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ། ཞེས་དང་། སྡེ་དཀར་དུ་པཱ་ཎིའི་གཞུང་འདི་གོང་གི་སྒྲ་རིག་པའི་བསྟན་བཅོས་ཀྱི་སྐབས་དེར་འཇུག་ཏུ་རུང་ནའང་ཕྱིས་སུ་རྙེད་ནས་འདིར་རྩ་འགྲེལ་སྟབས་སུ་བྲིས་པ་ཡིན་ནོ། །ཞེས་འཁོད། བསྟན་འགྱུར་སྒྲ་མདོ་ཏོ་པར་བཞུགས།

{{#arraymap:བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེ་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་

|; |@@@ | | }}