42970
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རིགས་རྒྱུན་མི་ཆད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢ ཆོས་ཀྱི་རིགས་རྒྱུན་མི་ཆད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༣ དགེ་འདུན་གྱི་རིགས་རྒྱུན་མི་ཆད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༤ སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༥ འཁོར་བ་ཚད་མེད་པ་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང༌། ༦ སངས་རྒྱས་ཚད་མེད་པ་ལ་མཆོད་པ་དང་རིམ་གྲོ་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༧ དགེ་བའི་རྩ་བ་ཚད་མེད་པ་གསག་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༨ ཐོས་པ་ཚད་མེད་པ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༩ སེམས་ཅན་ཐམས་ཅད་ལ་ལེགས་པར་སྨྲ་བ་སྨྲ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༠ སེམས་ཅན་ཐམས་ཅད་ལ་རབ་ཏུ་གདིང་བར་བྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༡ སེམས་ཅན་ཐམས་ཅད་ལ་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་སྤྲོ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༢ སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༣ སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཟུད་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༤ བཟོད་པའི་སྟོབས་ཐམས་ཅད་དང༌། དེས་པ་མི་ཉམས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༥ བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༦ ཆགས་པ་མེད་པའི་ཤེས་རབ་མཆོག་ཡོངས་སུ་བསྐང་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༧ བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚངས་པའི་གནས་པའི་གནས་པ་ཡོངས་སུ་བསྐང་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༨ མངོན་པར་ཤེས་པ་ཐམས་ཅད་ལ་བརྩོན་འགྲུས་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༡༩ སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྡུ་བའི་ཕྱིར་བརྩོན་འགྲུས་རྩོམ་བ། ༢༠ བདུད་ཐམས་ཅད་གཞོམ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༡ སྟོབས་བརྟན་པ་ཆེན་པོས་ཕ་རོལ་གནོན་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༢ ཕ་རོལ་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅད་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༣ སྟོབས་བཅུ་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༤ ལུས་དང༌། ངག་དང༌། སེམས་ཀྱི་རྒྱན་གྱི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༥ བྱ་བ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་ཅིང་བརྩོན་པ་མི་གཏོང་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༦ སེམས་ཞུམ་པ་མེད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༧ ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༨ མ་རྒལ་བ་བསྒྲལ། མ་གྲོལ་བ་དགྲོལ། དབུགས་མ་ཕྱིན་པ་དབུགས་འབྱུང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༢༩ བསོད་ནམས་བརྒྱ་པའི་མཚན་གྱི་ཚོགས་གསག་པའི་ཕྱིར་བརྩོན་འགྲུས་རྩོམ་པ། ༣༠ སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ། ༣༡ སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འགྲོ་ཞིང་སངས་རྒྱས་ལ་བལྟ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང༌། ༣༢ སེམས་དང་ལུས་དབེན་པའི་ཕྱིར་དེའི་བརྩོན་འགྲུས་དེ་དབེན་པ་ལས་ངེས་པར་བྱུང་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པའི་ཕྱིར་དེའི་བརྩོན་འགྲུས་དེ་བླང་བ་མེད་ཅིང་དོར་བ་མེད་ལ་གདེག་པ་མེད་ཅིང་གཞག་པ་མེད་དེ། སྐྱེ་བར་མེད་ཅིང་འབྱུང་བ་མེད་པས་བསྡུས་པ་ཡིན་ཏེ། མིའམ་ཅིའི་བདག་པོ། །རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་
|; |@@@ | | }}