43116

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བལ་ནག་པོ་འབའ་ཞིག་གི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་བལ་པོ་ནག་པོ་འབའ་ཞིག་གི་སྟན་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ལུག་གི་བལ་པོ་ནག་པོ་འབའ་ཞིག་གི་སྟན་བྱས་སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདི་ལ་བཞི་ལས། གཞི་ལ་དངོས་པོ་ནི་ལུག་གི་བལ་ནག་པོ་འབའ་ཞིག་ཡིན་པ་རུང་བ་ཚད་དང་ལྡན་པ་གསར་པ་ཡིན་པ་དམན་པ་དང་མ་འདྲེས་པ་རང་གི་ཡིན་པ། སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །གནས་ནི་ལུག་གི་བལ་ནག་པོ་འབའ་ཞིག་རིན་ཆེ་བའི་གནས་ཡིན་པའོ། །ཀུན་སློང་སྟན་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པའོ། །མཐར་ཐུག་བཀོད་དེ་བཀྲམ་པ་ཡོངས་སུ་རྫོགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། དགེ་སློང་གིས་ལུག་གི་བལ་ནག་པོ་འབའ་ཞིག་ལ་གླིངས་པ་དང། ནང་འཚང་ཅན་གྱི་སྟན་གྱི་སྦྱོར་བ་བརྩམ་ནས་མཐར་ཐུག་གྲུབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། ལུག་གི་བལ་ནག་པོ་འབའ་ཞིག་དག་གོ ། རང་བཞིན་གྱིས་སོ། །ཞེས་དང། ལུག་བལ་ནག་པོ་འབའ་ཞིག་གིས། །གསར་པའི་སྟན་ནི་མི་བྱ་སྟེ། །དེ་ཚོལ་བ་ཡི་སྡུག་བསྔལ་གྱིས། །ཀློག་དང་ཁ་འདོན་ཉམས་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:བལ་ནག་པོ་འབའ་ཞིག་གི་སྤང་ལྟུང་

|; |@@@ | | }}