43219
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་ལས་སུ་རུང་བའི་ཡན་ལག་གི་རྣམ་པ་ལ་རྩོལ་བ་ལ་སོགས་པ་ལྟ་བུ་ལ། མཚམས་ནང་དེར་གཏོགས་པའི་དགེ་འདུན་ཉུང་མཐའ་དགེ་སློང་ལྔ་ནས་ཇི་ཙམ་ཡོད་པ་ཐམས་ཅད་ལ་བཤགས་པར་བྱ། ལྷག་མར་གཏོགས་པའི་སྦོམ་པོ་ཡང་བ་ལས་སུ་མི་རུང་བའི་ཡན་ལག་གི་རྣམ་པ་མཉེད་པ་ལྟ་བུ་ལ་དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱ། ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་ཡན་ལག་མ་ཚང་བའི་རྫས་མང་པོ་བརྐུས་པ་དང། བརྟེན་བྱ་མཐུ་མེད་པར་ཁུ་བ་འབྱིན་པ་ལྟ་བུ་ལ་མཚམས་དེར་གཏོགས་པའི་དགེ་འདུན་ནམ། གཞན་ནས་ཁ་བསྐང་ཀྱང་རུང་ཉུང་མཐའ་དྲུག་གི་ཚོགས་ནས་མང་མཐའ་དེར་ཚོགས་པ་ཐམས་ཅད་ལ་བཤགས་པར་བྱ། ཕམ་པར་གཏོགས་པའི་སྦོམ་པོ་ཡང་བ་འཛག་སྣོད་དུ་ཁུ་བ་ཕྱུང་བ་དང། རྩྭ་དང་ཕུབ་མ་ལ་སོགས་པ་བརྐུས་པ་ལྟ་བུ་ལ་དགེ་སློང་བཞི་ལ་སོགས་པ་ལ་བཤགས་པ་བྱས་པས་ལྟུང་བ་ལས་ལྡང་བར་འགྱུར་ཏེ། ཇི་སྐད་དུ། ལྷག་མ་དང་བཅས་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་དགེ་འདུན་ལྔ་ལ་སོགས་པ་ཐམས་ཅད་ལའོ། །ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་མ་བཅད་པ་ལྷག་པ་ལའོ། །ཡང་བ་དེ་ལས་ནི་བཞི་ལ་སོགས་པ་ལའོ། །ཞེས་སོ། །བཤགས་ཡུལ་གྱི་དགེ་འདུན་དེ་རང་གི་བཤགས་བྱའི་ལྟུང་བ་དེ་དང་མི་ལྡན་པ་དགོས་ཏེ། དེ་དང་ལྡན་ན་དྲི་མས་དྲི་མ་བཀྲུར་མི་རུང་བ་ལྟར་བཤགས་ཡུལ་དུ་མི་རུང་བར་བཤད་དོ། །དཔེར་ན་དགེ་འདུན་ལྷག་མ་ལ་སྤོ་མགུ་སྤྱད་ཚར་ནས་བཤགས་པར་བྱ་བར་སློབ་པ་ན་བཤགས་ཡུལ་དེ་ཕམ་པ་མ་བྱུང་བ་གཞིར་བཞག་གི་སྟེང་དུ་དགེ་འདུན་ལྷག་མའི་སྡེ་ཚན་གྱི་ལྟུང་བས་མ་གོས་ན་བཤགས་ཡུལ་མཆོག་ཡིན། དེ་འདྲ་མེད་ན་རང་གིས་གང་བཤགས་པར་བྱ་བའི་ལྟུང་བ་རིགས་མཐུན་དེས་མ་གོས་ན་བཤགས་ཡུལ་དུ་འོས་ཤིང་སྤང་ལྟུང་སོགས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:བཤགས་པ་ཕྱིར་བཅོས་ཀྱི་ཡུལ་
|; |@@@ | | }}