43236

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཤང་གདོང་ (1)
Part of speech མིང་ཚིག
Definition གུ་ད་མུ་ཁ་ཞེས་པའི་ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་བའི་འགྱུར་ཚིག་སྟེ། ཕ་ཝང་ངམ་བྱ་མ་བྱི་ལ་ཟེར་ཞིང་། དེས་བཤང་བ་ཁ་ནས་འདོར་བར་གྲགས། དེ་ནི་སྡེ་ཁྲིའི་དུས་འཁོར་བསྐྱེད་རིམ་རྣམ་གཞག་ལས། བཤང་གདོང་ནི་བཤང་བ་ཁ་ནས་འདོར་བས་ཕ་ཝང་སྟེ་བྱ་མ་བྱིར་བསྒྱུར་བ་ཡང་ཡོད། ཅེས་གསུངས། ཏཱ་ར་ནཱ་ཐའི་དུས་འཁོར་བསྐྱེད་རིམ་ལས། བཤང་གདོང་ནི་འགྱུར་གསར་དུ་བྱ་མ་བྱིར་བསྒྱུར་བ་ཕ་ཝང་ཉིད་དེ། རྒོད་གཡུང་གཉིས་ཡོད་དོ་ཞེས་གསུངས། ཡང་དུས་འཁོར་དབང་ལེས་མདོར་བསྡུས་ལྔ་པའི་མཆན་དུ། བུ་སྟོན་གྱིས་བཤང་གདོང་གུ་ད་མུ་ཁ་ཆག་ན་རེ། བྱ་མི་བྱི་ཟེར། ཞེས་འགྱུར་མི་འདྲ་ཡོད་ཚུལ་གསུངས།

{{#arraymap:བཤང་གདོང་

|; |@@@ | | }}