43265

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཤད་བྱ་རྩ་བའི་མདོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་པ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་རྒྱན་གཞིའི་མདོའམ་བཤད་བྱའི་གཙོ་བོའི་མདོ་ལ་སྐབས་འདིར་བཤད་བྱ་རྩ་བའི་མདོ་ཟེར། དེ་ལ་དབྱེ་ན། ཡུམ་རྒྱས་པ་འབུམ་དང། ཡུམ་འབྲིང་བ་ཉི་ཁྲི། ཡུམ་བསྡུས་པ་བརྒྱད་སྟོང་པ་སྟེ་གསུམ་དང། ཡང་ན་ཁྲི་བརྒྱད་སྟོང་པ་བཅས་བཞིར་འདོད་དེ། རང་ལུགས་ནི་གསེར་ཕྲེང་ལྟར་ན། རྒྱས་འབྲིང་བསྡུས་གསུམ་ཁྲི་བརྒྱད་སྟོང་པ་དང་བཞིར་གྲངས་ངེས་ཏེ། དེ་དག་དང་རྒྱན་རྩ་འགྲེལ་དུ་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་ཡོད་པའི་ཕྱིར། འགྲེལ་བ་འདི་དང་རྣམ་བཤད་ལྟར་ན། རྒྱས་འབྲིང་བསྡུས་གསུམ་ཁོ་ནར་གྲངས་ངེས་ཏེ། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་། ཞེེས་དང། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །ཞེས་དང། ཀུན་གྱི་རྒྱན་དུ་འགྱུར་པར་ནི། །ཞེས་དང། རྣམ་བཤད་ལས། ཡུམ་གསུམ་པོ་ཀུན་གྱི་རྒྱན་དུ་འགྱུར་བ་ནི། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:བཤད་བྱ་རྩ་བའི་མདོ་

|; |@@@ | | }}