43500

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསམ་གཏན་གསུམ་པའི་བདེ་བ་ (1)
Part of speech མིང་ཚིག
Definition བསམ་གཏན་གསུམ་པའི་ཕན་ཡོན་གྱི་ཡན་ལག་སེམས་ཀྱི་བདེ་བ་སྟེ། བསམ་གཏན་གསུམ་པ་ན་སེམས་ཏེ་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་གང་ཡིན་པའོ། །དེ་ཡང་བསམ་གཏན་གསུམ་པར་དགའ་བའི་འདོད་ཆགས་དང་བྲལ་བས་ཉེ་བར་མ་ཞི་བས་དགའ་བ་ཁོ་ན་ཡིན་གྱི་ཡིད་བདེ་ནི་མ་ཡིན་ཏེ། བསམ་གཏན་ཡན་ལག་ལས་ངེས་འབྱུང་ཡིན་པས་རྣམ་པར་བསྒྱུར་བའི་མདོ་ལས་བསམ་གཏན་གསུམ་པ་བཀའ་སྩལ་ནས། འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པར་འགག་པར་འགྱུར་རོ་ཞེས་བྱེ་བྲག་སྨྲ་བ་འདོད་དོ། །དེ་ལ་ཁ་ཅིག་གིས། ཡིད་བདེ་ནི་ཡིད་དགའ་བ་ཡིན་ལ། བསམ་གཏན་ལ་བདེ་བ་ཡན་ལག་ཏུ་བཤད་པ་ནི་ལུས་བདེ་ཡིན་ཏེ། དེ་ཡང་ལུས་ཤིན་ཏུ་སྦྱངས་པ་ལས་སྐྱེས་པའི་བདེ་བ་ཡིན་པར་འདོད་ལ། བཞི་པ་ལ་ནི་དེ་ཡང་སྤངས་པར་འདོད་དོ། །
Domain ཆོས་ལུགས།