43597

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསམ་གཏན་བཞི་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསམ་གཏན་བཞི་ནི། བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ་བཅས་ཡིན་ནོ།།
Domain ཆོས་ལུགས།
བསམ་གཏན་བཞི་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག འདུས་བྱས་མི་རྟག་པ་དང་། མི་སྡུག་པའི་ཏིང་ངེ་འཛིན་སོགས་སོ་སོ་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་བཞིའི་གཉེན་པོ་སྒོམ་པ་ནི་བྱིས་པ་ཉེར་སྤྱོད་དང་། བདག་མེད་གཉིས་ཀྱི་དོན་རྟོག་དཔྱོད་ཀྱིས་སོ་སོར་རྟོགས་པ་ནི་ཆོས་རབ་ཏུ་འབྱེད་པ་དང་། སྦྱོར་ལམ་ཡན་ཆད་དུ་དེ་བཞིན་ཉིད་ལ་གསལ་སྣང་ཐོབ་པ་ནི། དེ་བཞིན་ཉིད་དམིགས་དང་། སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་རྟག་ཏུ་དགེ་བ་དང་མཚུངས་པར་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བ་རྣམས་ཀྱི་མཉམ་གཞག་རྟག་ཏུ་དྲི་མ་དང་བྲལ་བ་ནི། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཞེས་བྱའོ། །