43881
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་ཡི་ཕྱྭ་གཡང་སྲིད་པ་སོགས་མི་སྲིད་པ་བཟོ་བའི་འགོང་པོ་རིགས་ཤིག་སྟེ། རྣམ་རྒྱལ་ཕྱྭ་གཡང་དམུ་ཞགས་འཁྱིལ་པ་ལས། མི་ལ་སྲིད་པའི་འདྲེ་དགུ། ཞེས་དང་། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། མི་ལ་བསེ་རག་བཀར་ཡས་ནི། ཞེས་སོ། །དེའི་ཆ་ལུགས་ནི། མི་ལུས་ལ་མགོ་བརྙན་ཅན་གྱིས་བརྒྱན་པ་ལྟ་བུ་སྟེ། དེའི་རིགས་ལ་རི་བོང་མགོ་ཅན་དང་། བོང་བུའི་མགོ་ཅན། བྱའི་མགོ་ཅན། གཅན་སྤྱང་གི་མགོ་ཅན། ཁྱིའི་མགོ་ཅན། ར་ཡི་མགོ་ཅན། བྱི་སྦའི་མགོ་ཅན། ཕག་གི་མགོ་ཅན། བུད་མེད་མགོ་ཅན་བཅས་ཡོད་དེ། དེ་ཉིད་ལས། མི་ལུས་བོང་བུའི་མགོ་ཅན་དང་། བྱའི་མགོ་ཅན་དང་། གཅན་སྤྱང་གི་མགོ་ཅན། ཁྱིའི་མགོ་ཅན། ར་ཡི་མགོ་ཅན། བྱི་བའམ་བྱི་སྦའི་མགོ་ཅན། ཕག་གི་མགོ་ཅན། བུད་མེད་མགོ་ཅན་ལུས་ཅན་དེ་རྣམས་བཀོད། ཅེས་སོ། ། |
| Domain | ཆོས་ལུགས། |