44263
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྣང་སྲིད་ལྷ་རུ་བསྐྱེད་པའི་ཚོགས་དང་། རང་རྒྱུད་ལྷ་རུ་བསྐྱེད་པའི་ཚོགས། ལོངས་སྤྱོད་སྣང་སྲིད་ཁེངས་པའི་ཚོགས་དང་གསུམ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། བསྐྱེད་པའི་ཚོགས་ལ་གསུམ་ཡིན་ཏེ། སྣང་སྲིད་ལྷ་རུ་བསྐྱེད་པའི་ཚོགས། རང་རྒྱུད་ལྷ་རུ་བསྐྱེད་པའི་ཚོགས། ལོངས་སྤྱོད་སྣང་སྲིད་ཁེངས་པའི་ཚོགས། ཞེས་པས། དེ་ཡང་སྔགས་ཀྱི་ལུགས་སམ་བསྐྱེད་རིམ་གྱི་སྐབས་སུ་སྣང་བ་སྣོད་དང་སྲིད་པ་བཅུད་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དག་སྣང་ལྷ་དང་གཞལ་ཡས་སུ་བསྐྱེད་ཅིང་བསྒྱུར་བ་རྣམས་སོ། ། |
| Domain | ཆོས་ལུགས། |