44586

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དེ་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་ལྷན་ཅིག་གཉིད་ལོག་སྟེ་མཚན་མོ་གསུམ་འདས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་བསྙེན་པར་མ་རྫོགས་པ་དང་ལྷན་གཅིག་ནུབ་གཉིས་ལས་ལྷག་པར་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་པ་དང་། རྒོད་བག་གི་རྒྱུར་འགྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།