44807

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་དང་པོ་གྲུབ་ཆེན་རྡོ་རྗེ་གྲགས་ (1)
Part of speech མིང་ཚིག
Definition བསྟན་འཕེལ་དགོན་གྱི་ཁྲི་འཛིན་ལྔ་པ་སྟོན་པ་སྤྲུལ་སྐུ་མཆོག་ལ། མཚན་གྲུབ་ཆེན་རྡོ་རྗེ་གསོལ། འཁྲུངས་ཡུལ་མགོ་ལོག་ཕྱོགས་ཡིན་པར་གསལ། བླ་མ་རྡོ་གྲུབ་ཆེན་(འདི་རྡོ་གྲུབ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར་མིན) ལས་ཟབ་གསང་བདུད་རྩི་བཞེས། གོང་གི་མཚན་དེ་གསོལ་ནས་རྨ་ཆེན་སྤོམ་རའི་རི་ལ་སྒྲུབ་པ་རྒྱུན་རིང་བཞུགས་ནས་སྐུ་ཚེར་སྒྲུབ་པ་མཐར་ཕྱིན་མཛད། དེ་སྐབས་སྤོམ་རའི་བསང་གསོལ་གཡང་སྒྲུབ་ཞལ་གསུང་མ། ཕྱིས་སུ་སྒར་བ་བླ་བྲང་ལ་མཆིས་ཤིང་། བླ་བྲང་ནས་ལོ་རེར་ལོ་རིམ་འདོན་སྲོལ་ཡོད་དོ། །ཟངས་གསེར་ལས་གྲུབ་པའི་རྨ་ཆེན་སྤོམ་ར་སྐུ་ཁྲུ་ཚད་མ་དང་། གུ་དྲག་ཀི་ལ་ཡའི་ཞལ་ཐང་དང་ཁྱད་མཚར་ལས་གྲུབ་པའི་བྱ་ཁྲུང་ཁྲུང་མཛེས་ཉམས་ལྡན་པ་གཏེར་མ་ཡིན་སྐད་ཅན་མཆིས། སྟོན་སྤྲུལ་ཉིད་ཀྱིས་ཕྱིས་སུ་ཡི་དམ་གུ་དྲག་གནང་བར་གླེང་།