44811

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་ལྔ་པ་གྲུབ་མཆོག་ལེགས་མགོན་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ་ཡ་དིང་ཡོངས་གྲགས་ལྗགས་མྱིག་ལབ་པ་ནི། དོན་དངོས་རྒྱ་གཉེར་ཟེར་ཞིང་རྒྱ་ཚ་ཚང་གི་གཉེན་པ་ཡིན་པས་དེ་ལྟར་ལབ་ཀྱང་སྒྲ་ཟུར་ཆགས་པ་ཡིན་འདུག། ངོས་འཛིན་བདུད་འཇོམས་རིན་པོ་ཆེ་ནས་གནང་། ཁམས་སྤྲུལ་ལྔ་པ་སྒྲུབ་བརྒྱུད་ཉི་མ་ལས། ལྟ་བ་ཕྱག་རྒྱ་ཆེན་པོ་དང་། སྒོམ་པ་ནཱ་རོ་ཆོས་དྲུག། སྤྱོད་པ་རོ་མཉམ་སྒོར་དྲུག། འབྲས་བུ་རྟེན་འབྲེལ་རབ་བདུན་སོགས་གསན་ཏེ་ཉམས་བཞེས་མཛད། གཞན་ཡང་རྫ་ཕྲ་མའི་བླ་མ་དང་། རྫོགས་ཆེན་རིན་པོ་ཆེ་སོགས་དུ་མ་བསྟེན་ནས། རྫོགས་ཆེན་སྙིང་ཐིག་སོགས་ཟབ་གསང་གདམས་ངག་རྣམས་ཀྱིས་ཐུགས་རྒྱུད་ཡོངས་སུ་འགེངས་པར་གནང་། སྒར་པ་བླ་བྲང་དུ་གསེར་སྐུ་བརྒྱ་ལྷག་ཙམ་དང་། བཀའ་འགྱུར་དང་འབུམ་གསེར་བྲིས་སོགས་སྐྱེ་སྤྲུལ་འདི་ཉིད་ཀྱིས་བཞེངས་པར་གླེང། འདི་སྐབས་བསྟན་འཕེལ་དགོན་གྱི་འདུན་ཁག་གཉིས་ཞེས། འགྱུར་མེད་བླ་བྲང་དང་སྒར་པ་བླ་བྲང་གཉིས་ཀ་ཕན་ཚུན་ཐུགས་སྣང་མཐུན་པར་གྲགས་སོ། །