44821

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྟན་འཛིན་རྒྱལ་པོ་བཅུ་དྲུག་ (1)
Part of speech མིང་ཚིག
Definition བོན། སྟོན་པ་གཤེན་རབ་མི་བོ་མཆོག་(ཕྱི་ལོའི་སྔོན་༡༣༥༡༥) གིས་བསྟན་པ་རྣམ་གསུམ་རྗེས་བཞག་སྐབས་སུ། བསྟན་པར་གཉེར་འཛིན་གྱི་རྒྱལ་པོ་སྐོར་ཞིག་བྱོན་པ་སྟེ། གཟི་བརྗིད་པོད་བཅུ་གཅིག་ལས། བསྟན་འཛིན་རྒྱལ་པོ་བཅུ་དྲུག་སྟེ། ཞེས་སོ། །དེ་ལ་མངའ་དབང་ལྡན་པ་བཅུ་དྲུག་ཞེས་ཀྱང་བྱའོ། །བཅུ་དྲུག་ནི། དབང་པོ་བརྒྱ་བྱིན། ཐང་བཟང་རིང་སྐྱེས། གཙུག་ན་རིན་ཆེན། འཁོར་ལོ་བསྒྱུར་རྒྱལ། གཡུང་དྲུང་འོད་གསལ། མེ་ཏོག་ཀུན་དྷ་དབུ་དག་འཛིན། ཧོས་རྗེ་ཁྲི་ཝེར་ནོར་བུ་འཛིན། ཧོས་རྗེ་རྒྱལ་པོ་དང་བ། གཏོ་རྗེ་རྒྱལ་པོ་ཁ་ཤར་རྗེ། རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ། དཔོ་རྗེ་རྒྱལ་པོ་འབར་བའི་སྒྲོན། ཤག་རིག་གཙུག་ཏོར་རྣམ་པར་རྒྱལ། རྒྱལ་སྲས་གཞོན་ནུ་བློ་གྲོས་ཆེ། རྒྱལ་པོ་དབང་ཕྱུག་དམ་པའི་དཔལ། ཤག་རིག་སེང་གེ་མྱོས་ཆེན། རྒྱལ་པོ་གཙུག་ལག་དམ་པ་རྗེ་དང་བཅུ་དྲུག་གོ །
Domain ཆོས་ལུགས།