45091

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྭེ་དགོན་ཆེན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་ (1)
Part of speech མིང་ཚིག
Definition གླིང་འདི་ནི་ཐོག་མའི་ཆར་བསྭེ་མཁར་གཉིས་སུ་གནས་ཀྱང་རྗེས་སུ་གཅིག་ཏུ་གྱུར། བསྭེ་ཚང་ནི་ཐོག་མར་བསྭེ་དབོན་པོ་ཀུན་དགའ་ལྷུན་གྲུབ་རྨེ་ཐོ་ཧི་དང་མཆོད་ཡོན་མཛད་དེ་ཕྱི་ལོ་ ༡༦༡༤ ལ་དགོན་པ་བཏབ། བསྭེ་ལྷ་དབང་རྒྱལ་དང་འཕྲིན་ལས་རྒྱ་མཚོ་གཉིས་ཀྱི་སྐབས་སུ་བསྭེ་ཉིན་སྲིབ་གཉིས་སུ་གྱེས། མཁར་ཚང་ནི་མཁར་བླ་ཀུན་དགའ་དར་རྒྱས་དང༌། རིམ་གཉིས་ཀྱི་གཏེར་མཛོད་དང་པོའི་སངས་རྒྱས་གཉིས་ཀྱིས་བཤད་སྒྲུབ་རྟག་བརྟན་གླིང་ཞེས་པའི་ཆོས་སྡེ་ཞིག་བཏབ། བསྭེ་མཁར་གཉིས་ཀྱིས་དགོན་གཞི་གཉིས་ཕྱག་འདེབས་མཛད་པ་ཕལ་ཆེར་དུས་མཉམ་པར་གསུངས། བསྭེ་མཁར་གཉིས་ཀྱི་དགོན་པ་གཅིག་ཏུ་གྱུར་ཚུལ་ནི། བསྭེ་མཁར་གཉིས་དང་ཙ་བ་བླ་མ་ངག་དབང་ཡོན་ཏན་རྣམས་ཀྱི་ཐུགས་བསྐྱེད་བཞིན། རྒྱལ་བསྟན་སྤྱི་དང་ཁྱད་པར་གངས་རིའི་ཁྲོད་ཀྱི་ཆོས་རྒྱུད་ཆེན་པོ་དཔལ་རྒྱལ་བ་ཇོ་ནང་བའི་ལྟ་སྒོམ་སྤྱོད་གསུམ་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱིར་དང་བསྟན་འགྲོའི་ཆེད་དུ་དགོན་པ་གཉིས་གཅིག་ཏུ་བསྒྱུར་བར་ཐུགས་མཐུན་བྱུང་སྟེ། ཚེས་ཀ་བསམ་འགྲུབ་གླིང་དུ་རྗེ་ཡོན་ཏན་རྒྱ་མཚོར་སྙན་ཞུ་ཕུལ་ཏེ། རྔ་ཡུལ་དབུས་སུ་བཀྲ་ཤིས་མེ་ལོང་འཁྱིལ་ཞེས་པར་རབ་བྱུང་བཅུ་བཞི་པའི་ནང་ཚན་ཁྱིའི་ལོ་ནས་བཟུང་རྨེའུ་རྒྱལ་པོ་དང་གྲོས་ལ་དབང་བའི་བློན་པོའི་ཚོགས་དང༌། དད་ལྡན་གྱི་ལྷ་སྡེ་ཡོངས་དང་མཆོན་ཡོན་གྱུར་ནས་ད་ལྟའི་བར་ཆོས་སྡེ་འདིའི་ལུགས་གཉིས་གསེར་གྱི་འཁོར་ལོ་རིམ་པར་བསྐོར་རོ། །དགོན་སྡེའི་གཙོ་སྐྱོང་བ་བསྭེ་མཁར་གཉིས་དབུས་བཞུགས་ཏེ་དགེ་འདུན་པ་ཆིག་སྟོང་ཙམ་གྱིས་བསྟན་པའི་རྒྱལ་མཚན་མི་ནུབ་མཐོན་པོར་སྒྲེང་བཞིན་པའོ། །ལོ་རྒྱུས་རྒྱས་པར་ཤེས་འདོད་ན་གདན་རབས་རྫོགས་ལྡན་ཆོས་སྒྲའི་རང་གདངས་ལ་གཟིགས།

{{#arraymap:བསྭེ་དགོན་ཆེན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་

|; |@@@ | | }}