45157

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྲེག་མོའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བྱ་བྱེད་མི་རྟག་ཀུན་ཏུ་རྒྱུ། བློ་ཡིད་འཕྲོག་པ་བསྲེག་མོའི་གྲོགས། ཞེེས་གསུངས་པས། དེ་ཡང་ལས་ཀྱི་བྱ་བྱེད་གང་ལ་ཡང་མཐར་ཕྱིན་མེད་པར་ཕྱོགས་ཀུན་ཏུ་འགྲོ་ཞིང་དགེ་བྱེད་ཅན་སོགས་བློ་ཡིད་མི་བརྟན་པ་འཕྲོག་པར་བྱེད་པའི་བུད་མེད་རྟེན་ཅན་གྲོགས་ལ་བྱའོ། ། དེ་ལ་ཡང་བསྲེག་མོ་ཞེས་བྱ་བ་ནི། མིང་ཚིག་བསྲེག་མོ་དང་བསྲེག་པོ་ཞེས་པ་འདི་བོད་ཡུལ་གྱི་ཡུལ་སྡེ་རྙིང་པ་འགའ་ཡི་ཁ་སྐད་དུ་མ་རུང་བའམ་འཇིགས་རུང་ལྟ་བའི་དོན་བཀོལ་བཞིན་འདུག་པ་ལྟར། འདིར་ཡང་འཇུག་དོན་དེ་ལས་མ་འདས་ཏེ་མ་རུང་བ་ནི་མི་མཐུན་ཕྱོགས་སམ་གནོད་ཕྱོགས་ལ་གོ་བ་བཞིན་འདིར་བློ་ཡིད་བརྟན་པའི་གནོད་ཕྱོགས་སུ་གྱུར་ཅིང་དེ་ཉིད་འཕྲོག་པར་བྱེད་པའི་ལས་ཅན་དུ་བཤད་ཡོད་པས་ཤེས་སོ། །
Domain ཆོས་ལུགས།