45267

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསླབ་པའི་མཐའ་བཅུ་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ། ལྟ་བས་ཐག་བཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་ཆོས་ཐམས་ཅད་འོག་ཏུ་ཚུད་པ་ཞིག་དགོས༔ སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་ཞུགས་པ་ལྟ་བུ་གང་གིས་ཀྱང་མི་རྫི་བ་ཞིག་དགོས༔ ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་མ་རིག་པའི་མུན་པ་སེལ་བ་ཞིག་དགོས༔ དོན་མན་ངག་གི་སྒྲུབ་པ་ནོར་བུ་རིན་པོ་ཆེ་ལོན་པ་ལྟ་བུར་ཆོས་ཐམས་ཅད་དོན་དུ་གྲོལ་བ་ཞིག་དགོས༔ རིམ་པ་དབང་གིས་བགྲོད་པ་རྒྱལ་བུ་རྒྱས་སར་ཕྱུངས་པ་ལྟ་བུར་འཁོར་བར་ལྟུང་བའི་དོགས་པ་དང་བྲལ་བ་ཞིག་དགོས༔ གཞི་དམ་ཚིག་གིས་བཟུང་བ་ཞིང་ས་གཤིན་པ་ལྟ་བུ་ཅི་བྱས་ཆུད་མི་ཟོས་པ་ཞིག་དགོས༔ རྒྱུད་ཐོས་པས་གྲོལ་བ་ཅང་ཤེས་སྒྲོག་བཀྲོལ་བ་ལྟ་བུ་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་བྱང་བ་ཞིག་དགོས༔ སྒོ་ཀུན་ནས་སྡུར་བ་བུང་བ་ཚང་ཚོལ་བ་ལྟ་བུ་ཆོས་ཀྱི་གྲུབ་མཐའ་ཐམས་ཅད་ཤེས་པ་ཞིག་དགོས༔ མདོ་གཅིག་ཏུ་སྡུད་པ་ཚོང་པ་ཁེ་སྤོགས་བྱེད་པ་ལྟ་བུ་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤེས་པ་ཞིག་དགོས༔ མཁས་པ་ཕུལ་དུ་བྱུང་བ་རི་རབ་ཀྱི་རྩེར་ཕྱིན་པ་ལྟ་བུར་ཆོས་ཐམས་ཅད་ཀྱི་དོན་གསལ་ལ་མ་འདྲེས་པར་ཤེས་པ་ཞིག་དགོས་པ་ཡིན་གསུངས༔།
Domain ཆོས་ལུགས།

{{#arraymap:བསླབ་པའི་མཐའ་བཅུ་

|; |@@@ | | }}

བསླབ་པའི་མཐའ་བཅུ་ (2)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་རེ་དྲུག་པ་ལས། གང་མཐའ་བཅུ་ཁོ་ནར་འདུས་པ་སྟེ། དེ་ཡང་འདི་ལྟར་གཞི་གཟུང་བར་བྱའོ། །རྒྱུད་དགྲོལ་བར་བྱའོ། །སྒོ་དབྱེ་བར་བྱའོ། །མཐར་ཕྱིན་པར་བྱའོ། །ཐམས་ཅད་འདུ་བར་བྱའོ། །ལ་དོར་བར་བྱའོ། །ས་གཅད་པར་བྱའོ། །ཉམས་རྙེད་པར་བྱའོ། །ཚེགས་ཆུང་བར་བྱའོ། །མདོ་གཅིག་ཏུ་བྱའོ། །ཞེས་དང་། ཁོག་དབུབ་ཉི་སྣང་ལས། གཞི་དམ་ཚིག་གིས་བཟུང་བ་ས་གཞི་གཤིན་པ་ལྟ་བུ་དང༌། རྒྱུད་ཐོས་པས་གྲོལ་བ་གྱི་ལིང་ཅང་ཤེས་སྒྲོག་བཀྲོལ་བ་ལྟར་བསླབ་པ་དང༌། སྒོ་ཀུན་ནས་བསྡུར་བ་བུང་བ་ཚང་ཚོལ་བ་ལྟར་བསླབ་པ་དང༌། ཕུལ་དུ་མཁས་པས་དབྱུང་བ་རི་མཐོན་པོའི་རྩེ་མོར་འཛེགས་པ་ལྟར་བསླབ་པ་དང༌། གོ་འཕང་དབང་གིས་བགྲོད་པ་རྒྱལ་རིགས་རྒྱལ་སར་འབྱུང་བ་ལྟར་བསླབ་པ་དང༌། ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བསླབ་པ་དང༌། ཐག་ལྟ་བས་བཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བསླབ་པ་དང༌། ཉམས་སུ་ཏིང་ངེ་འཛིན་གྱིས་ལེན་པ་རྒྱ་མཚོའི་གླིང་ནས་ནོར་བུ་རིན་པོ་ཆེ་ལེན་པ་ལྟར་བསླབ་པ་དང༌། དོན་མན་ངག་གིས་སྒྲུབ་པ་གསེར་འགྱུར་གྱི་རྩིའམ། སྨན་མ་གི་ཏ་ལྟར་བསླབ་པ་དང༌། མདོ་དོན་གཅིག་ཏུ་བསྡུ་བ་སོ་ནམ་གྱི་ཐོག་བསྡུ་བའམ་ཚོང་གི་ཁེ་བསྡུ་བ་ལྟར་བསླབ་པའོ། །ཞེས་གསུངས། འདི་ལ་མཐའ་བཅུ་ཞེས་ཀྱང་བྱ།

{{#arraymap:བསླབ་པའི་མཐའ་བཅུ་

|; |@@@ | | }}

བསླབ་པའི་མཐའ་བཅུ་ (3)
Part of speech མིང་ཚིག
Definition གསང་སྔགས་བཀའི་ཐ་རམ་ལས། གསང་སྔགས་ཞེས་བྱ་བ་ནི༔ བསླབ་པའི་མཐའ་དྲུག་གམ་བཅུ་སྟོན་ཏེ༔ དོན་མན་ངག་གིས་སྒྲུབ་པ་རིན་པོ་ཆེ་ཉོས་པ་ལྟ་བུ༔ ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་པ་ནོར་བུ་རིན་པོ་ཆེ་ལེན་པ་ལྟ་བུ༔ རིམ་པ་དབང་གིས་བགྲོད་པ་རྒྱལ་བུས་རྒྱལ་ས་འཛིན་པ་ལྟ་བུ༔ ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་ཞུགས་པ་ལྟ་བུ༔ ཐག་ལྟ་བས་བཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ༔ གཞི་དམ་ཚིག་གིས་བཟུང་བ་ཞིང་ས་གཤིན་པོ་ལྟ་བུ༔ མདོ་དོན་གཅིག་ཏུ་བསྡུས་པས་ཚོང་པ་ཁེ་འཚོལ་ལྟ་བུ༔ མཁས་པ་ཕུལ་དུ་ཕྱིན་པ་རི་མཐོན་པོའི་རྩེ་མོར་ཕྱིན་པ་ལྟ་བུ༔ སྒོ་ཀུན་ནས་སྡུད་པ་བུང་བ་ཚང་འཚོལ་ལྟ་བུ༔ རྒྱུད་ཐོས་པས་གྲོལ་བ་རྟ་སྒྲོག་གྲོལ་བ་ལྟ་བུ་དང་བཅུའོ༔ ཞེས་གསུངས།

{{#arraymap:བསླབ་པའི་མཐའ་བཅུ་

|; |@@@ | | }}