45300
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། བསླབ་རྒྱུན་སྔ་མའི་རྟེན་ལ་སྦྱོར་བ་དང་ཕྱི་མའི་རྟེན་ལ་མཐར་ཐུག་གྲུབ་ཀྱང་དེ་གཉིས་ཀྱི་བར་དུ་ཁྱིམ་པ་ལྟ་བུའི་ཆོད་ན་སྔ་མ་ལ་སྦྱོར་བའི་རྣམ་པའི་ན་སྨད་དང་ཕྱི་མ་ལ་དངོས་གཞི་རྣམ་པའི་ན་སྨད་དེ་ལྟུང་བ་ཐ་དད་པ་ལའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསླབ་རྒྱུན་ཐ་དད་པ་ལ་ལྟུང་བ་ཅིར་འགྱུར་ཞེ་ན། བཤད་དུ་ཡོད་དེ། ཉེས་པ་དེ་མེད་པ་ཉིད་ལ་ནི་འོང་བ་ནི་ཐ་དད་དོ་ཞེས་པའི་མདོ་འབྱུང་བ་ན། དགེ་སློང་གིས་ལྟུང་བའི་སྦྱོར་བ་བྱས་ནས། ཁྱིམ་པར་བབས། ཡང་བསྙེན་རྫོགས་བྱས་སྔར་གྱི་བྱ་བའི་འཕྲོ་ཟིན་པར་བྱེད་ན་ལྟུང་བ་ཐ་དད་བསྐྱེད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ཕྱིར་བཅོས་གཅིག་གིས་མི་འདག་སྟེ། སྔར་ལྟུང་བའི་སྦྱོར་བ་བྱས། ཉེས་པ་མེད་པ་ཉིད་ཀྱི་ཁྱིམ་པར་བབས། སླར་ཉེས་པ་འོང་བ་སྟེ། དགེ་སློང་དུ་གྱུར་ཏེ་སྔར་གྱི་བྱ་བའི་འཕྲོ་ཟིན་པར་བྱེད་ན་ཕྱིར་བཅོས་ཐ་དད་དུ་བྱ་དགོས་པའི་ཕྱིར། དཔེར་ན་དགེ་སློང་གིས་མ་གནང་བའི་སྟན་བྱེད་པར་བརྩམས་ནས་ཁྱིམ་པར་བབས་སླར་བསྙེན་པར་རྫོགས་པར་བྱས་ནས་གནང་བའི་སྟན་བྱས་པའི་རྗེས་སུ་སྔར་གྱི་སྟན་འཕྲོ་ཟིན་པར་བྱེད་ན་ལྟུང་བ་སྔ་ཕྱི་ཐ་དད་དུ་འགྱུར་བ་བཞིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |