46361

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བུམ་པར་མཁན་ཆེན་དགེ་འདུན་དམ་ཆོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་ཡོས་ཕྱི་ལོ་ ༡༨༧༩ ལོར་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་དྲེད་ཁོག་གླང་ཚང་རྒྱུད་ཧོར་ལྡིང་སྡེ་བར་ཡབ་སྒྲོལ་མ་དོན་གྲུབ་དང་། ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར་ཤིང་བཟའ་རྡོ་རྗེ་འཆང་གིས་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། དྲུག་པར་སྐུ་འབུམ་དུ་གདན་སར་འཁོད། སྨོན་ལམ་རབ་འབྱམས་པ་འཇམ་དབྱངས་གྲགས་པ་ཀློག་གི་དགེ་རྒན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། བཅོ་ལྔ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། བཅོ་བརྒྱད་པར་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། ཉེར་གཅིག་པར་སྐྱབས་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་བསྙེན་པར་རྫོགས། ཉེར་ལྔ་པ་རབ་བྱུང་བཅོ་ལྔ་པའི་ས་ཡོས་ཕྱི་ལོ ༡༩༠༣ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། ཁྲི་ཟུར་རྗེས་ཀྱང་བསྟན་འགྲོའི་དོན་ལ་གཞོལ། འདས་ལོ་མི་གསལ། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་རེ་གཅིག་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དོན་བརྒྱད་པ་ཡིན།

{{#arraymap:བུམ་པར་མཁན་ཆེན་དགེ་འདུན་དམ་ཆོས་རྒྱལ་མཚན་

|; |@@@ | | }}