46720
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་བཏབ་ནས་སྐྱེ་བའི་ལོ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དང་ལོ་མ་སོགས་སྤྱིའི་སྐྱེ་དབྱིབས་རྒྱ་གྲོ་དང་མཚུངས་པ། ལོ་མ་དང་སྡོང་པོའི་ཁ་དོག་ནས་ལས་ནག་ཅིང་རྩུབ་པ། སྙེ་མར་གྲ་མ་མེད་ལ་ཡོངས་སུ་སྨིན་སྐབས་སྐྱི་པགས་ཁ་དོག་དམར་པོར་འགྱུར་བའི་ནང་དུ་འབྲུ་གུ་ཤ་མདོག་ཅན་ཤུར་རིས་ཡོད་པ། ཤུར་རིས་ཀྱི་མཐར་སྤུ་དཀར་ཐུང་ངུ་ཕྲན་བུ་ཡོད་པ་སྟེ། ས་བོན་སྨིན་མཚམས་སུ་བཏུས་ཏེ་སྐྱི་པགས་དོར་ནས་སྤྱད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་སྣུམ་ལ་བསིལ་ཞིང་ལྕི་བས་ལུས་འཚོ་བར་བྱེད་ཅིང་རླུང་མཁྲིས་འཇོམས་པ་དང༌། དུག་ནད་ཚིགས་ལ་བྱེར་བ་བསྡུ་བར་བྱེད་ལ། རོ་ཙ་འཕེལ་བ། ཆག་གྲུམ་སྦྱོར་བ། གྲོ་ཚང་གིས་གློ་ནད་སེལ་བ་དང༌། ཚིགས་པས་གྲེ་བའི་ནད་སེལ་ཞིང༌། བག་ཕྱེས་སྐྲངས་པ་འདུལ་བར་བྱེད་པ་ཡིན། |