46951
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཎྜི་ཏ་ཆེན་པོ་ནི་སཾ་ག་ཨཱ་ཙཱརྱ་དཔལ་ལྡན་རིགས་ཀྱིས་བྱིན་པས་མཛད། བླ་མ་པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་ཞུས་ཤིང་གཞུང་སུམ་གཉིས་བསྒྱུར། སུམ་ཆ་གཅིག་དུས་འཁོར་བ་ཆེན་པོ་ཤེས་རབ་སེང་གེས་བསྐུལ་ཞིང་སྦྱིན་བདག་མཛད་པ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་ཡོངས་སུ་རྫོགས་པར་བསྒྱུར་ནས་བྲིས། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡིན་པས་འདིར་བྲིས་སོ་”ཞེས་འཁོད། མཁས་གྲུབ་གསུམ་གྱི་གཞུང་ལུགས་རྗེས་འབྲང་བཅས། ། དེ་ཉིད་བསྡུ་བཅུ་དཔལ་མཆོག་དང་པོར་གཉིས། ། སྒྱུ་འཕྲུལ་སྐོར་གསུམ་སྒྲུབ་དཀྱིལ་སོགས་བཅུ་དྲུག ། དྲིལ་བས་ཆོས་སྐོར་སུམ་ཅུ་རྩ་གཅིག་བཞུགས། ། བསྟན་འགྱུར་རྒྱུད་ཀུ་པར་བཞུགས། |