46985

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱ་བའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། བྱ་བའི་རྒྱུད་ནི། ཕྱི་རྒྱུད་སྡེ་གསུམ་གྱི་ཡ་གྱལ་བྱ་རྒྱུད་དམ། ཀྲི་ཡའི་ཐེག་པ་སྟེ། བྱ་རྒྱུད་ཀྱི་ཐེག་པའི་སྐབས་སུ་གཟིགས།
Domain ཆོས་ལུགས།
བྱ་བའི་རྒྱུད་ (2)
Part of speech མིང་ཚིག
Definition རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱུད་སྡེའི་སྤྱི་རྣམ་ལས། མདུན་དུ་ལྷ་སྤྱན་དྲངས་ནས་བཟླས་བརྗོད་བྱེད་པ་ཙམ་ལས། བདག་ཉིད་ལྷར་བསྐྱེད་པ་མེད་པ་རྗེ་དཔོན་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། ཞེས་དང་། ལྷའི་རྣལ་འབྱོར་ལ་བསྐྱེད་རིམ་གྱི་ཐ་སྙད་དོན་མཐུན་དུ་མི་འཇུག་པ་དང༌། སྦྱང་གཞིའི་རྣམ་པ་ལམ་དུ་བྱེད་པའི་ཚུལ་གྱིས་སྒོམ་པ་ཡང་མེད་དོ། །ཞེས་དང་། དེས་ན་ཕྱིའི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དང༌། ཞེས་གསུངས་སོ། །