47084

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱ་རྐང་ (1)
Part of speech མིང་ཚིག
Definition བྱ་ཡི་རྐང་པ་ཞེས་པའི་བསྡུས་མིང་སྟེ།
Example བྱ་རྐང་བཅག་པ། བྱ་རྐང་ཉོས་པ་ལྟ་བུ།
བྱ་རྐང་ (2)
Part of speech མིང་ཚིག
Definition རྒྱ་ནག་ཡུན་ནན་དང་རྒྱ་གར་ལྷོ་ཕྱོགས་གཉིས་ཀ་ལ་ཡོད་པའི་གནས་རི་ཞིག་གི་མིང་།
Example རི་བོ་བྱ་རྐང་དུ་གནས་སྐོར་ལ་འགྲོ་ལྟ་བུ།
བྱ་རྐང་ (3)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྫ་མདོག་ལ་རྩ་ཕྲན་ཡོད་པ་དང༌། སྡོང་པ་སྔོ་སྐྱ་ཕྲ་བར་སྤུ་དཀར་ཐུང་ལ་འཇམ་པ་ལྡན་པ། སྡོང་པོའི་སྟོད་ཆ་ནས་ཡལ་ག་རེ་གཉིས་ཙམ་གྱེས་པ་དང༌། ལོ་མ་སྔོ་ལྗང་སྒོར་བ་མཁལ་མའི་དབྱིབས་འདྲ་བའི་མཐར་ཉག་ག་གཏིང་རིང་པོ་ཡོད་པ། ལོ་མའི་རྒྱབ་མདུན་གཉིས་ཀར་སྤུ་དཀར་འཇམ་པོ་ཡོད་ཅིང༌། གཞི་རྩ་ནས་སྐྱེ་བའི་ལོ་མ་ཆེ་ཞིང་ངར་པ་རིང་བ་དང༌། སྡོང་པོའི་ལོ་མ་ཅུང་ཆུང་ཞིང་ངར་པ་ཐུང་བ་རྟིང་པས་སྡོང་པོ་བཏུམས་ནས་རེས་མོས་སུ་སྐྱེ་བ། མེ་ཏོག་སྔོན་པོ་བྱའི་རྐང་པ་འདྲ་བ་ཡལ་ག་དང་སྡོང་པོའི་རྩེར་འཆར་ལ་ནང་དུ་ཡོད་པའི་ཟེའུ་འབྲུག་སྔོ་ནག་ཡིན་ཞིང་སྨིན་ནས་འབྲུ་གུ་སེར་ནག་མང་པོ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཁ་བྱང་བལྟས་ཀྱི་སྲིབ་རིའི་ལོགས་སུ་སྐྱེ་བ་མང་བ། མེ་ཏོག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཅུང་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཚ་བས་འཁྲུ་བ་དང༌། རྨ་ལ་ཆུ་སེར་འཁོར་བ། ཤིག་ནད་སོགས་ལ་ཕན་པ་ཡིན།
Domain གསོ་རིག