47094

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱ་རྒོད་སུག་པ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། ལོ་མ་སྔོ་སྐྱ་མཐུག་པའི་རྩེར་ཉག་ག་གཉིས་རེ་ཡོད་པ་སྤུ་དཀར་འཇམ་པོས་ཁྱབ་པ། དབྱིབས་རྟ་ཕོའི་སྨད་གདན་འདྲ་བ་གསུམ་བཞི་ཙམ་སར་འབྱར་ནས་སྐྱེ་ཞིང༌། སྡོང་པོ་ཕྲ་ལ་ཐུང་བ་གཅིག་གམ་གཉིས་ཙམ་ཐད་ཀར་སྐྱེ་བར་སྤུ་དཀར་ཐུང་ངུ་ལྡན་པ། སྡོང་པོའི་ལོ་མ་ཆུང་བའམ་རེས་འགར་ལོ་མ་མེད་པའང་ཡོད། མེ་ཏོག་དཀར་སེར་འདབ་མ་ལྔ་དང་ལྡན་པ་སྔོ་སྲུབ་ཀྱི་མེ་ཏོག་འདྲ་བ་སྡོང་པོའི་རྩེར་རྐྱང་བར་འཆར་བ་དང༌། འབྲུ་གུ་ཡང་ཆུང་ཞིང་སྔོ་སྲུབ་ཀྱི་འབྲུ་དང་མཚུངས་པ་འདོགས་པའོ། །རི་མཐོའི་སྤང་སྟེང་བ་ལུ་སུ་ལུའི་དཀྱིལ་དུ་སྐྱེ་བ་མང། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྩུབ་པས་གྲེ་བའི་གཉན་ཚད་དང༌། རིམས་ཚད། དུག་ཚད་སོགས་ལ་ཕན་པ་ཡིན།
Domain གསོ་རིག