47101

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱ་རྒྱུད་ཀྱི་ཉམས་ལེན་ (1)
Part of speech མིང་ཚིག
Definition སྦྱོར་བའི་ཆོ་ག་ལ་ལས་སུ་བྱ་བའི་རིམ་པ་ལྔ་རྣལ་འབྱོར་གྱི་སྔོན་འགྲོ་གསུམ་རྣམས་སྔོན་དུ་སོང་ནས། དངོས་གཞི་ལ་བདག་གི་རྣལ་འབྱོར། ལྷའི་རྣལ་འབྱོར། སྔགས་ཀྱི་རྣལ་འབྱོར་གསུམ་ལས། བདག་གི་རྣལ་འབྱོར་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དོན་དམ་པའི་རྣལ་འབྱོར་བསྒོམས་ནས་དེའི་ངང་ལས་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བལྟས་ནས་དེ་ལ་བཟླ་བྱའི་སྔགས་རྣམས་བཀོད་ནས། འོད་ཟེར་སྤྲོས་པས་འཕགས་པ་མཆོད་པ་ལ་སོགས་པ་བྱས་ནས་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་བསམས་པ་ཀུན་རྫོབ་པའི་རྣལ་འབྱོར་ཡིན་ལ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅས་ནས། སྙིང་ཁ་ལ་སོགས་པ་བྱིན་གྱིས་བརླབ་པ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ཏེ་གསུམ་མོ། །དེ་ནས་ལྷའི་རྣལ་འབྱོར་བསྒོམ་པ་ནི། མདུན་དུ་བྲིས་སྐུ་ལ་སོགས་པའི་རྗེས་སུ་གཞལ་ཡས་ཁང་ལྷ་དང་བཅས་པའམ། གཞལ་ཡས་ཁང་བསྐྱེེད་ནས་བརྟེན་པ་ལྷ་སྤྱན་དྲངས་པ་གང་རུང་བྱས་ཏེ། ཞལ་ཕྱག་གསལ་བཏབ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན། དེ་ལ་མཆོད་བསྟོད་བྱས་ཏེ། སྡིག་པ་བཤགས་པའི་རྒྱུན་བཤགས་བྱས་ནས་ཚད་མེད་པ་བཞི་བསྒོམ་པའོ། །དེ་ནས་སྔགས་ཀྱི་རྣལ་འབྱོར་ནི། བགྲང་ཕྲེང་མཚན་ཉིད་དང་ལྡན་པ་འདུས་བྱས་ནས། ལེགས་གྲུབ་ལས་གསུངས་པ་ལྟར་གྱི་གཙང་སྦྲ་ལ་སོགས་པའི་ཀུན་སྤྱོད་དང། བརྟུལ་ཞུགས་ལ་གནས་པར་བྱས་ནས། རང་དང་མདུན་གྱི་ལྷའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་དབུས་སུ་ས་བོན་དང། མཐའ་སྐོར་བཟླ་བྱའི་སྔགས་རྣམས་གཡས་སྐོར་དུ་བཀོད་དེ། རྡོ་རྗེའི་ཚིག་གི་བཟླས་པ་དང། ཤུབ་བུའི་བཟླས་པ་གཉིས་བྱའོ། །གསུམ་པ་རྗེས་ནི། ནོངས་པ་བཟོད་པར་གསོལ་ཏེ། སྤྱན་དྲངས་པའི་ལྷ་གཤེགས་སུ་གསོལ་ནས་རྡོ་རྗེའི་ར་གུར་དགྲོལ། དེ་ནས་ཐུན་མཚམས་ཀྱི་བྱ་བ་ལ་གནས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། བྱ་རྒྱུད་རང་རྐང་བྱེད་ན་བདག་སྐྱེད་མེད་དེ། བྲིས་སྐུ་ལྷ་བྱས་པས་དེ་ལ་མཆོད་བསྟོད་བྱས་ནས། འདོད་པའི་དོན་ལ་གསོལ་བ་འདེབས་པ་ཙམ་ཡིན་པ་དང་། བྱ་བ་སྤྱིའི་རྒྱུད་ཆེན་བཞི་དང་། སོ་སོའི་རྒྱུད་རྣམས་ལས་བདག་བསྐྱེད་མ་གསུངས་པས་སོ། །ཀླུ་སྒྲུབ་དང་། ཙནྡྲ་གོ་མི་དང་། ཛེ་ཏ་རི་སོགས་ཀྱིས་བདག་བསྐྱེད་ཀྱི་སྒྲུབ་ཐབས་བཤད་ཅིང་ཡོད་པ་ནི། རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱུད་དེའི་ལུགས་བཞིན་དུ་བཀྲལ་བར་མཛད་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།