47129

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱ་རྒྱུད་སྤྱི་ཡི་དམ་ཚིག་བཅུ་བཞི་ (1)
Part of speech མིང་ཚིག
Definition དཀོན་མཆོག་གསུམ་ལ་དད་པ། སྔགས་ལ་དད་པ། ཐེག་ཆེན་ལ་མོས་ཤིང་བླ་མ་དང་མཆེད་གྲོགས་ལ་གུས་པ། འདས་མ་འདས་ཀྱི་ལྷ་གཞན་ལ་མི་སྡང་བ། ཉ་སྟོང་དུས་བཞིའི་མཆོད་པ་མི་གཅོག་པ། ཀླ་ཀློ་དང་མུ་སྟེགས་པའི་གཞུང་གཞན་ལ་མི་མཆོད་པ། གློ་བུར་ལྷགས་པའི་མགྲོན་ལ་ཟས་སྐོམ་སོགས་མཆོད་པ། སེམས་ཅན་ལ་བྱམས་པ་མི་གཏོང་བ། བསོད་ནམས་ཀྱི་ཚོགས་གོང་དུ་སྤེལ་བ། བཟླས་བརྗོད་ལ་བརྩོན་པ། དམ་ཚིག་གཞན་རྣམས་ཀྱང་བསྲུང་བ་སྟེ་བཅུ་བཞིའོ། །
Domain ཆོས་ལུགས།