47211
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་པའི་ལམ་རྣམས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དེ་སུམ་ཅུ་རྩ་བདུན་ནོ། །དེ་དག་ལ་བྱང་ཆུབ་ཕྱོགས་དང་མཐུན་པ་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་བྱེ་བྲག་གིས་བྱང་ཆུབ་གསུམ་མོ་དེ་དག་དང་དངོས་དང་བརྒྱུད་པའི་སྒོ་ནས་རྒྱུ་ཡིན་པའི་ཕྱིར་མདོ་ལས་དེ་སྐད་ཅེས་གསུངས་སོ། །དེ་དག་མིང་གི་སྒོ་ནས་ཀྱང་དེ་ལྟར་ཡིན་ནོ། །དེ་དག་རྫས་སུ་ནི་བཅུ་སྟེ། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཤེས་རབ་དང་ཏིང་ངེ་འཛིན་དང་བཏང་སྙོམས་དང་དགའ་བ་དང་རྟོགས་པ་དང་ཚུལ་ཁྲིམས་དང་ཤིན་ཏུ་སྦྱངས་པ་ཞེས་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རོ། ། |
| Domain | ཆོས་ལུགས། |