47219
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། སྦྱིན་པ་འབྱུང་གནས་སུ་གྱུར་པ་ཡིན་ཏེ། །ཅི་བདོག་པ་རྣམས་ཡོངས་སུ་གཏོང་བའི་ཕྱིར་རོ། །ཚུལ་ཁྲིམས་འབྱུང་གནས་སུ་གྱུར་པ་ཡིན་ཏེ། ཉམས་པ་མེད་པའི་ཕྱིར་རོ། །བཟོད་པ་འབྱུང་གནས་སུ་གྱུར་པ་ཡིན་ཏེ། ཞེ་སྡང་མེད་པའི་ཕྱིར་རོ། །བཟོད་པ་བྱང་ཆུབ་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་ཏེ། ཞེ་སྡང་མེད་པའི་ཕྱིར་རོ། །བརྩོན་འགྲུས་འབྱུང་གནས་སུ་གྱུར་པ་ཡིན་ཏེ། ལེ་ལོ་མེད་ཅིང་ནུར་བ་མེད་པའི་ཕྱིར་རོ། །བསམ་གཏན་འབྱུང་གནས་སུ་གྱུར་པ་ཡིན་ཏེ། ཐབས་ལ་མཁས་པའི་ཕྱིར་རོ། །ཤེས་རབ་འབྱུང་གནས་སུ་གྱུར་པ་ཡིན་ཏེ། ཚུལ་ཁྲིམས་བསྲུང་ཞིང་མང་དུ་ཐོས་པ་དང་ལྡན་པའི་ཕྱིར་རོ། །ཚངས་པའི་གནས་པ་འབྱུང་གནས་སུ་གྱུར་པ་ཡིན་ཏེ། རྣམ་པར་གྲོལ་བས་ཉེ་བར་ཞི་བར་འགྱུར་བའི་ཕྱིར་རོ། །མངོན་པར་ཤེས་པ་འབྱུང་གནས་སུ་གྱུར་པ་ཡིན་ཏེ། རྟག་པར་མཉམ་པར་བཞག་པ་ལ་རབ་ཏུ་གནས་པའི་ཕྱིར་རོ། ། |
| Domain | ཆོས་ལུགས། |