47226

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ (1)
Part of speech མིང་ཚིག
Definition འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་བྱུང་བ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་ཆོས་ཐམས་ཅད་རང་བཞིན་མེད་ཅིང་ཡིད་ལ་བྱར་མེད་པར་མཐོང་བའོ། །ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པར་རབ་ཏུ་ཕྱེ་སྟེ་བརྟགས་ན་ཡོངས་སུ་མ་གྲུབ་པས་ཆོས་ཐམས་ཅད་མི་དམིགས་པའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་ཁམས་ཀྱི་འདུ་ཤེས་ཤིན་ཏུ་རིག་པའི་ཕྱིར་ཁམས་གསུམ་པ་མི་ལེན་མི་འདོར་བའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་དགའ་བ་དང་། མི་དགའ་བ་ཤིན་ཏུ་རྟོགས་པའི་ཕྱིར། འདུ་བྱེད་ཐམས་ཅད་ལ་དགའ་བ་མི་སྐྱེད་པའོ། །བག་ཡངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་དམིགས་པའི་དངོས་པོ་མི་དམིགས་ཏེ། ཆོས་ཐམས་ཅད་ལ་སེམས་བག་ཡངས་སུ་གྱུར་པའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་ཆོས་ཐམས་ཅད་རྣམ་པར་བསྒོམ་པ་རྗེས་སུ་རྟོགས་པས་སེམས་མི་དམིགས་པའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་ཆོས་ཐམས་ཅད་ལ་མི་གནས་མི་རྟེན་ལ་ཆགས་པར་མི་འགྱུར། ཤེས་པར་མི་འགྱུར་ཞིང་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས། བཏང་སྙོམས་སུ་གནས་པའོ། །
Domain ཆོས་ལུགས།
བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ (2)
Part of speech མིང་ཚིག
Definition མངོན་པར་རྟོགས་པའི་ལམ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ། ཆོས་རབ་ཏུ་འབྱེད་ཡང་དག་བྱང་ཆུབ་ཀྱི་ལམ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ལམ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ལམ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ལམ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ལམ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ལམ་མོ། །