47232
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། གཞན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བར་འདོད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་སེམས་སོ། །ཞེས་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ནི་རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་གདུལ་བྱའི་སེམས་ཅན་རྣམས་ཀྱིས་བདག་མེད་པ་རྣམ་པ་གཉིས་ཁོང་དུ་ཆུད་པར་བྱའོ་སྙམ་པའི་རྣམ་པ་ཅན་གྱི་ཡིད་ཀྱི་ཤེས་པའི་ངོ་བོ་ཅན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་སེམས་ལ་སོགས་པའི་ཕན་ཡོན་དགུ་དང་བཅས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། བྱང་ཆུབ་སེམས་ནི། གནས་ལུགས་སྟོང་པ་ཉིད་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སེམས་སོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |