47273

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་ཆེན་པོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཆོས་ཀྱི་སྐུ་ཡུལ་ཇི་ལྟ་བ་བཞིན་རྟོགས་པ་ཅན་གྱི་བདག་ཉིད་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། སྒྲིབ་གཉིས་ཀྱི་དྲི་མ་རྣམས་གདོད་མ་ནས་ཟད་པ་དང་མི་སྐྱེ་བའི་ཚུལ་ལ་དེ་དང་དེར་ཤེས་པའི་ཡེ་ཤེས་མཐར་ཐུག་ཡིན་པས་སོ། །འདིར་སོགས་པས་གཟུགས་ཀྱི་སྐུ་གཉིས་སྡུད་དོ། །རྒྱུད་བླར་སྐུ་གསུམ་ཀ་བྱང་ཆུབ་ཆེན་པོར་བསྟན་པ་བཞིན་ནོ། །རྟགས་གྲུབ་སྟེ། སྒྲིབ་གཉིས་ཀྱི་དྲི་མ་རྣམས་དོན་དམ་པར་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
བྱང་ཆུབ་ཆེན་པོ་ (2)
Part of speech མིང་ཚིག
Definition རྩེ་སྦྱོར་ལ་བརྟེན་ནས་ཐོབ་པའི་ཆོས་སྐུ། བྱང་ཆུབ་ཆེན་པོའི་མཚན་ཉིད། དེ་ལ་དབྱེ་ན། རྟོགས་པ་བྱང་ཆེན་དང༌། སྤངས་པ་བྱང་ཆེན་གཉིས་སུ་ཡོད། དང་པོ་དང་རྣམ་མཁྱེན་དོན་གཅིག གཉིས་པ་དང་སངས་རྒྱས་ཀྱི་འགོག་བདེན་དོན་གཅིག ཡང་བྱང་ཆུབ་ལ་དབྱེ་ན། ཐེག་དམན་གྱི་དེ་དང༌། ཐེག་ཆེན་གྱི་དེ་གཉིས་སུ་ཡོད་ཅིང༌། དང་པོ་དེ་ལ་ཡང༌། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་རྒྱལ་གྱི་བྱང་ཆུབ་གཉིས་སུ་ཡོད། ཉན་ཐོས་ཀྱི་བྱང་ཆུབ་དེ་ལ་ཡང་དེའི་སྤངས་པ་བྱང་ཆུབ་དང༌། དེའི་རྟོགས་པ་བྱང་ཆུབ་གཉིས་སུ་ཡོད་ཅིང༌། དང་པོ་དང་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་དོན་གཅིག ཕྱི་མ་དང་དེའི་རྒྱུད་ཀྱི་མཁྱེན་པ་དོན་གཅིག དེས་རང་རྒྱལ་གྱི་དེ་ལ་རིགས་འགྲེ།
བྱང་ཆུབ་ཆེན་པོ་ (3)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་དང་པོ་ལས་འཁོར་ལྔ་ཕྲག་བཅུ་གསུམ་དུ་དྲངས་པའི་ནང་གསེས་ཤིག་སྟེ། མཐར་ལམ་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ་གནས་པ་ཡིན། མདོ་འགྲེལ་མུན་པའི་གོ་ཆ་ལས། མཐར་གོམས་པ་མཐར་ཕྱིན་ནས་ལྟོས་པའི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལ་ལ་ནི་གོམས་པ་མཐར་ཕྱིན་ནས་ལྟོས་པའི་བྱ་བ་ཡོངས་སུ་རྫོགས་པས་ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཤར་བ་བྱང་ཆུབ་ཆེན་པོ་དག་གོ ། འདི་རྣམས་མཐར་ལམ་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཐོབ་པའོ། །ཞེས་གསུངས།