47276

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་ (1)
Part of speech མིང་ཚིག
Definition ཕྱིའི་སེམས་དཔའ་བཞིའི་ཡ་གྱལ་སྒྲིབ་པ་རྣམ་སེལ་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་བྱ་བ། རྣ་བའི་དབང་པོ་སྟེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། རྣ་བའི་རྣམ་པར་ཤེས་པའི་རྟེན་དབང་པོ་གཟུགས་དྭངས་པ་བསྟན་དུ་མེད་པ་ཐོགས་པ་དང་བཅས་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་རྡོ་རྗེ་ཐོས་བྱེད་དེ། སྒྲིབ་པ་རྣམ་སེལ་ལ་ཤེས་སོ། །ཞེས་གསུངས། མཚན་གྱི་རྣམ་གྲངས་ལ། སྙན་གྱི་གསུང་གི་མཆོག་ཅེས་ཀྱང་གྲགས།
Domain ཆོས་ལུགས།