47297
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ན་དམ་པའི་ཆོས་ཡོངས་སུ་སྲུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྡུག་བསྔལ་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་བའི་སེམས་ཅན་གྱི་ཁམས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ། བསྟི་སྟང་དུ་བྱས་ཏེ་སྦྱིན་པ་བཟང་པོ་ཡིད་དུ་འོང་བ་བྱིན་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ། དེ་བཞིན་གཤེགས་པའི་སྐུའི་མཚན་དང་། དཔེ་བྱད་བཟང་པོའི་རྒྱན་སྣ་ཚོགས་ཀྱི་ཡོན་ཏན་བསྔགས་པ་ཡོངས་སུ་རྫོགས་པ་ཐོས་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། ། |
| Domain | ཆོས་ལུགས། |