47319

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ནི་བྱང་ཆུབ་ཡིན་ལ། དེ་ཐོབ་བྱེད་ཀྱི་ཆ་ཤས་སམ་ཡན་ལག་ཡིན་པས་ན་བྱང་ཆུབ་ཡན་ལག་ཅེས་བརྗོད་པའི་ཕྱིར། དམིགས་པ་དང་ངོ་བོ་སོགས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམིགས་པ་ཡོད་དེ། འཕགས་པའི་བདེན་པ་བཞི་པོ་དེ་བྱང་ཆུབ་ཡན་ལག་གི་དམིགས་པ་ཡིན་པའི་ཕྱིར་ཏེ། མཐོང་ལམ་དུ་ཐོབ་པའི་བྱང་ཆུབ་དེས་བདེན་བཞིའི་རྣམ་པ་ལ་དམིགས་པའི་སྒོ་ནས་བདེན་པ་མངོན་རྟོགས་སུ་བཞག་པའི་ཕྱིར། ངོ་བོ་ཡོད་དེ། མཐོང་ལམ་དུ་ཐོབ་པའི་དྲན་པ། ཆོས་རབ་ཏུ་རྣམ་འབྱེད། བརྩོན་འགྲུས། དགའ་བ། ཤིན་སྦྱངས། ཏིང་ངེ་འཛིན། བཏང་སྙོམས་རྣམས་ཡིན་པའི་ཕྱིར། གྲོགས་ཡོད་དེ། དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཡིན་པའི་ཕྱིར། སྒོམ་ཚུལ་ནི། སྡུག་ཀུན་གཉིས་སྤང་བྱ་དང། འགོག་ལམ་གཉིས་བླང་བྱར་སྒོམ་པ་སྟེ། མདོ་ལས། དབེན་པ་ལ་གནས་པ། འདོད་ཆགས་དང༌བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པའོ། །ཞེས་གསུངས། ལྔ་པ་དགོས་པ་ཡོད་དེ། མཐོང་སྤངས་སྤོང་བ་དང་འགོག་ལམ་མྱུར་དུ་རྫོགས་པ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར།
Domain ཆོས་ལུགས།