47354

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་སེམས་དཔའ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་དཀྱིལ་དུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། རབ་བྱུང་ལྔ་པའི་ས་གླང་ཕྱི་ལོ ༡༢༨༩ ལོ་ནས་ལོ་ངོ་བཅོ་བརྒྱད་རིང་རྒྱལ་ལྷ་ཁང་གི་གདན་ས་བསྐྱངས། སློབ་ཚོགས་མང་དུ་བསྐྱངས། རྒྱལ་ལྷ་ཁང་གི་གདན་རབས་བཅུ་དགུ་པ་ཡིན།
བྱང་ཆུབ་སེམས་དཔའ་ (2)
Part of speech མིང་ཚིག
Definition མདོ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་སློབ་པའི་གང་ཟག་སྟེ། འདིའི་དོན། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཆེད་དུ་གཞན་དོན་ལ་སེམས་མི་ཞུམ་པར་དཔའ་བས་བྱང་ཆུབ་སེམས་དཔའ་སྟེ། ཞེས་གསུངས།
Domain ཆོས་ལུགས།
Synonyms བྱང་སེམས། བོ་དྷི་སཏྭ། རྒྱལ་བའི་སྲས། རྒྱལ་སྲས། རྒྱལ་བའི་རྒྱུད། རྒྱལ་བའི་གཞི། ཆོས་དང་ལྡན་པ། རྩལ་ལྡན། ངེས་པར་རྒྱལ་བ། འཕགས་པ་ཆེན་པོ། གྲགས་ཆེན། སེམས་དཔའ་ཆེ། མ་ཧཱ་ས་ཏྭཿ། རྒྱལ་བའི་ཐུགས་སྲས། རྒྱལ་བའི་མྱུ་གུ། ཆོས་ལས་བྱུང་བ། མཆོག་སེམས། སྙིང་རྗེ་ཅན། དེད་དཔོན། རྣམ་པར་རྒྱལ་བྱེད། འཕགས་མཆོག སེམས་དཔའ་ཆེན་པོ། གསལ་མཆོག བསོད་ནམས་ཆེ་བ། རིགས་གསུམ་མགོན་པོ།
བྱང་ཆུབ་སེམས་དཔའ་ (3)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་དང་པོར་འཁོར་ལྔ་ཕྲག་བཅུ་གསུམ་དུ་དྲངས་པའི་ནང་གསེས་ཤིག་སྟེ། དེ་ནི་མཐོང་ལམ་དབུགས་ཆེན་འབྱིན་པར་གནས་པའི་བྱང་སེམས་ལ་གོ་བར། མདོ་འགྲེལ་མུན་པའི་གོ་ཆ་ལས། སྔར་དོན་ཇི་ལྟ་བར་མ་མཐོང་བར་མཐོང་བས་དོན་དང་ཤེས་རབ་མི་ཕྱེད་པ་དང༌། ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལ་ལ་ནི་སྔར་མ་མཐོང་བའི་དོན་ཇི་ལྟ་བར་མངོན་སུམ་དུ་མཐོང་བས་དོན་དང་ཤེས་རབ་མི་ཕྱེད་པས་བྱང་ཆུབ་སེམས་དཔའ་དག་གོ ། འདི་རྣམས་མཐོང་ལམ་དབུགས་ཆེན་འབྱིན་པའོ། །ཞེས་གསུངས།
བྱང་ཆུབ་སེམས་དཔའ་ (4)
Part of speech མིང་ཚིག
Definition སྤྱི་ཏི་ཡོ་གའི་ལུགས་ལྟར་ན། ཉི་ཟླ་འབར་བའི་སྒྲོན་མ་ལས། བྱང་ནི་ཀ་དག་ཆེན་པོར་བྱང་། སྐྱེ་བ་མེད་པར་ཆུབ། དངོས་མེད་ཆེན་པོར་སེམས། བློ་ལས་འདས་པས་དཔའ་བའོ། །ཞེས་གསུངས།