47384

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་སེམས་དཔའ་ངེས་གནས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གང་ཕན་ཆད་ནས་མཚན་བཟང་པོ་རྣམ་པར་སྨིན་པར་འགྱུར་བའི་ལས་གསོག་པར་བྱེད་པ་ནས་བྱང་སེམས་དེ་འཇོག་ལ། དེ་ནས་བཟུང་སྟེ་རྟག་ཏུ་ལྷའམ་མིའི་ནང་དུ་རིགས་མཐོན་པོ་ཁོ་ནར་སྐྱེ་ཞིང་དབང་པོ་ཀུན་ཚང་བ་དང་། ཕོ་འབའ་ཞིག་ཏུ་སྐྱེ་བ་དང་། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པ་དང་། བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངེས་པའི་ཕྱིར། ལས་དེ་གང་གི་རྟེན་ལ་འཕེན་པ་སོགས་ཡིན་ཞེ་ན། དེ་དག་ཀྱང་བཤད་དུ་ཡོད་དེ། རྟེན་ནི་འཛམ་བུ་གླིང་པའི་མི་ཕོར་གྱུར་པ་ཁོ་ནའི་རྟེན་ལ་འཕེན། ཡུལ་སྟོན་པ་མངོན་སུམ་དུ་གྱུར་པ་དང་སངས་རྒྱས་ལ་དམིགས་ནས་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདི་འདྲ་བའི་རྣམ་པར་སངས་རྒྱས་པར་གྱུར་ཅིག་སྙམ་པའི་སེམས་པས་འཕེན། ལས་དེའི་ངོ་བོ་བསམ་བྱུང་གི་བློས་འཕེན། དུས་ནི་འཚང་རྒྱ་བ་ལ་བསྐལ་པ་བརྒྱ་ལུས་པའི་ཚེ་འཕེན་ཅིང་མཚན་རེ་རེའང་བསོད་ནམས་བརྒྱ་བརྒྱ་ལས་སྐྱེ་བ་ཡིན་པའི་ཕྱིར། བདག་ཅག་གི་སྟོན་པས་སྔོན་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསགས་པའི་ཐ་མར་སངས་རྒྱས་གང་ཞིག་བྱུང་བ་ཡིན་སངས་རྒྱས་གང་གི་དྲུང་དུ་ཐུགས་བསྐྱེད་ཅེ་ན། དང་པོ་སྟོན་པ་ལ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །ཞེས་གསུངས། གཉིས་པ་སྟོན་པ་ལ། དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་གྲངས་མེད་པ་གང་གི་ཐ་མར་སངས་རྒྱས་གང་བྱུང་བ་ཡང་ཡོད་དེ། གྲངས་མེད་དང་པོའི་ཐ་མར་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། གཉིས་པའི་ཐ་མར་མར་མེ་མཛད། གསུམ་པའི་ཐ་མར་སངས་རྒྱས་རྣམ་པར་གཟིགས་བྱུང་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ཞེས་སོགས་ཚིགས་བཅད་གཅིག་བརྗོད་པའི་སྒོ་ནས་ཐུགས་བསྐྱེད་པ་ཡིན་པའི་ཕྱིར།
Domain ཆོས་ལུགས།