47462

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་སྤོབས་པ་ཅན་ཀྱི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། འདར་འདར་པོ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་གྱིས་འཇིགས་པའི་བག་ཚ་བ་དང་བྲལ་བའི་ཕྱིར་རོ། ། ༢ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། འཁྲུལ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་བརྟན་ཞིང་མི་མཐུན་པ་མེད་པའི་ཕྱིར་རོ། ། ༣ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། ཞན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིགས་པ་མེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ནི། འཁོར་གྱི་ནང་དུ་ཕྱིན་ན་མི་འཇིགས་མི་སྐྲག་སྟེ། སེངྒེ་ལྟར་འཇིགས་པ་མེད་ཅིང་མི་སྐྲག་མི་དངངས་པ་ཡིན་ནོ། ། ༤ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། ཡེང་ཡེང་པོ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །ཡེང་ཡེང་པོར་འགྱུར་བ་ཡིན་ཏེ། ཉོན་མོངས་པ་མེད་པའི་ནི་མ་ཡིན་ནོ། ། ༥ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། དོན་དང་བྲལ་བ་མ་ཡིན་ནོ། །དེའི་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཐོབ་པའི་ཕྱིར་ཏེ། ཆོས་ཉིད་མ་ཐོབ་པ་རྣམས་ཀྱི་དོན་དང་བྲལ་བར་འགྱུར་གྱི། ཆོས་ཉིད་ཐོབ་པ་རྣམས་ཀྱི་ནི་མ་ཡིན་ནོ། ། ༦ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། ཚིག་འབྲུ་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཙུག་ལག་ཐམས་ཅད་ལ་འཇིགས་པ་མེད་པའི་ཕྱིར་ཏེ། གཙུག་ལག་གི་ཕྱོགས་འགའ་ཤེས་པ་རྣམས་ཀྱི་ནི། ཚིག་འབྲུ་དང་བྲལ་བར་འགྱུར་གྱི། གཙུག་ལག་ཐམས་ཅད་ལ་འཇིགས་པ་མེད་པ་རྣམས་ཀྱི་ནི་མ་ཡིན་ནོ། ། ༧ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། སྦྱོར་བ་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་ཏེ། སྦྱོར་བ་ལ་མི་མཁས་པ་རྣམས་ཀྱི་ནི། སྦྱོར་བ་དང་བྲལ་བར་འགྱུར་གྱི། སྦྱོར་བ་མཐའ་ཡས་པ་དང་ལྡན་པ་རྣམས་ཀྱི་ནི། མ་ཡིན་ནོ། ། ༨ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། གང་ཕྱིས་སྨྲ་བ་བྱ་བ་དེ་སྔར་སྨྲ་བའམ། གང་སྔར་སྨྲ་བར་བྱ་བ་ཕྱིས་སྨྲ་བ་ལྟ་བུར་དུས་དང་བྲལ་བ་མ་ཡིན་ནོ། །དེའི་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི། དུས་ཤེས་པ་ཡིན། ཚོད་ཤེས་པ་ཡིན། སྐབས་ཤེས་པ་ཡིན་ནོ། ༩ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། རྩུབ་པ། ཡིད་དུ་མི་འོང་བ། མི་སྙན་པ་མ་ཡིན་ནོ། །དེ་ཅིའི་ཕྱིའི་ཞེ་ན། ངག་གི་གནས་ངན་ལེན་དང་བྲལ་བའི་ཕྱིར་ཏེ། གནས་ངན་ལེན་དང་བཅས་པ་རྣམས་ཀྱི་སྤོབས་པ་ནི། རྩུབ་པ་ཡིན་གྱི། གནས་ངན་ལེན་དང་བྲལ་བ་རྣམས་ཀྱི་ནི་མ་ཡིན་ནོ། ། ༡༠ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། མི་གསལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིའི་ཞེ་ན། དབང་པོ་རྣོ་བའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ཀྱི་སྤོབས་པ་མི་གསལ་བ་ཡིན་གྱི། དབང་པོ་རྣོན་པོ་རྣམས་ཀྱི་ནི་མ་ཡིན་ནོ། །
Domain ཆོས་ལུགས།