47508

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། སེམས་བསྐྱེད་པ། སྤྱོད་པ་དང་འབྲེལ་བ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པ།
Domain ཆོས་ལུགས།

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (2)
Part of speech མིང་ཚིག
Definition ས་བོན་བཏབ་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། །ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པ་དེ་ལྟ་བུ་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། །སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་འབྱུང་བ་དེ་ལྟ་བུར་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། །འབྲས་བུ་ཡོངས་སུ་སྨིན་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (3)
Part of speech མིང་ཚིག
Definition ཤིང་རྟ་མཁན་ཤིང་བསྡུ་བ་ཤེས་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། །ཤིང་རྟའི་ཡན་ལག་ཡོངས་སུ་སྦྱོང་བ་ཤེས་པ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། །ཤིང་རྟ་ཡན་ལག་འབྱོར་ཤེས་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། །ཁལ་དགལ་བ་ཤེས་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (4)
Part of speech མིང་ཚིག
Definition ཟླ་བ་ཚེས་པའི་དཀྱིལ་འཁོར་མངོན་པར་འགྲུབ་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། །དཔེར་ན། ཚེས་ལྔ་དང་། དྲུག་དང་། བདུན་གྱི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་པ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། །དཔེར་ན། ཚེས་བཅུའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། །དཔེར་ན། ཚེས་བཅུ་བཞིའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། །དཔེར་ན། ཚེས་བཅོ་ལྔའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་བལྟའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (5)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་དེ་ནི་ཉན་ཐོས་ཀྱི་ས་ལས་ཡང་དག་པར་འདའོ། །སེམས་བསྐྱེད་པ་གཉིས་པ་ནི་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའོ། །སེམས་བསྐྱེད་པ་གསུམ་པ་ནི་མ་ངེས་པའི་ས་ལས་ཡང་དག་པར་འདའོ། །སེམས་བསྐྱེད་པ་བཞི་པ་ནི་ངེས་པའི་ཕུང་པོ་ལ་གནས་སོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (6)
Part of speech མིང་ཚིག
Definition དང་པོ་སེམས་བསྐྱེད་པ་ནི་ཡི་གེའི་ཕྱི་མོ་འཛིན་པའི་ཚུལ་དུ་བལྟའོ། །དཔེར་ན། རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། །དཔེར་ན། གྲངས་དང་། རྩིས་དང་། ཤོད་དགོད་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། །བསྟན་བཅོས་རྣམས་ཁོང་དུ་ཆུད་པ་དེ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (7)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་ནི་རྒྱུར་འབྲེལ་པའོ། །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་དང་འབྲེལ་པའོ། །སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་དང་འབྲེལ་པའོ། །སེམས་བསྐྱེད་པ་བཞི་པ་ནི་འབྲས་དང་འབྲེལ་པའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (8)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་ནི་རྒྱུས་བསྡུས་པའོ། །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ཀྱིས་བསྡུས་པའོ། །སེམས་བསྐྱེད་པ་གསུམ་པ་ནི་སྤོང་བས་བསྡུས་པའོ། །སེམས་བསྐྱེད་པ་བཞི་པ་ནི་འབྲས་བུས་བསྡུས་པའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (9)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་ནི་རྒྱུ་ལས་ཡང་དག་པར་བྱུང་བའོ། །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ལས་ཡང་དག་པར་བྱུང་བའོ། །སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་ལས་ཡང་དག་པར་བྱུང་བའོ། །སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་ལས་ཡང་དག་པར་བྱུང་བའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (10)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་ནི་རྒྱུ་རབ་ཏུ་དབྱེ་བའི་ཡན་ལག་གོ །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་རབ་ཏུ་དབྱེ་བའི་ཡན་ལག་གོ ། སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་རབ་ཏུ་དབྱེ་བའི་ཡན་ལག་གོ །སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་རབ་ཏུ་དབྱེ་བའི་ཡན་ལག་གོ །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (11)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་ནི་སྨན་བསྡུ་པའི་ཚུལ་དུ་བལྟའོ། །སེམས་བསྐྱེད་པ་གཉིས་པ་ནི་སྨན་རབ་ཏུ་དབྱེ་བ་ལ་མཁས་པའི་ཚུལ་དུ་བལྟའོ། །སེམས་བསྐྱེད་པ་གསུམ་པ་ནི་སྨན་སྦྱོར་བ་ལ་མཁས་པའི་ཚུལ་དུ་བལྟའོ། །སེམས་བསྐྱེད་པ་བཞི་པ་ནི་ནད་པ་གསོ་བ་ལ་མཁས་པའི་ཚུལ་དུ་བལྟའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་ (12)
Part of speech མིང་ཚིག
Definition སེམས་བསྐྱེད་པ་དང་པོ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་དུ་འབྱུང་བའི་ཚུལ་དུ་བལྟའོ། །སེམས་བསྐྱེད་པ་གཉིས་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ཡང་དག་པར་འཛིན་པའི་ཚུལ་དུ་བལྟའོ། །སེམས་བསྐྱེད་པ་གསུམ་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་མཐར་ཕྱིན་པའི་ཚུལ་དུ་བལྟའོ། །སེམས་བསྐྱེད་པ་བཞི་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ལ་དབང་སྒྱུར་བའི་ཚུལ་དུ་བལྟའོ། །

{{#arraymap:བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་འབྲས་སུ་བསྡུ་བ་བཞི་

|; |@@@ | | }}