From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། གཟུངས་ཀྱིས་ཐོས་པ་འཛིན་ཅིང་དོན་བསྟན་པ་ལ་མི་འཇིགས་པ། བདག་མེད་པ་ཁོང་དུ་ཆུད་པས་གཞན་གྱིས་གཙེ་བའི་མཚན་མ་མི་འབྱུང་ཞིང་རང་བཞིན་གྱི་སྤྱོད་ལམ་སྨད་དུ་མེད་པའི་ལས་གསུམ་ཡོངས་སུ་དག་པའི་སྲུང་བ་ཆེན་པོ་ཕུན་སུམ་ཚོགས་པའི་མི་འཇིགས་པ། ཆོས་བཟུང་བ་ཡུན་དུ་མི་བརྗེད་པ་དང་། ཐབས་དང་ཤེས་རབ་མཐར་ཕྱིན་པས་སེམས་ཅན་སྒྲོལ་ཞིང་དད་པ་སྟོན་པ་དང་། དགེ་བའི་བར་ཆད་དུ་མི་འགྱུར་བའི་མི་འཇིགས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་ཉམས་ཤིང་ཐེག་པ་གཞན་གྱིས་མི་འབྱུང་བར་དབང་ཡོངས་སུ་རྫོགས་པ་དང་། སེམས་ཅན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡང་དག་པར་ཐོབ་པར་བྱ་བ་ལ་མི་འཇིགས་པའོ། །
|
| Domain
|
ཆོས་ལུགས།
|
བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
འཕགས་རྣམ་པར་འཕྲུལ་པ་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཐོས་པས་ཐམས་ཅད་འཛིན་པས་གཟུངས་ཐོབ་སྟེ། བརྗེད་པ་མེད་པས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ། ཆོས་ཐམས་ཅད་རབ་ཏུ་དབྱེ་བ་དང་། སྤོབས་པ་ཐོགས་པ་མེད་པ་དང་། སྤོབས་པ་བར་ཆད་མེད་པ་དང་། སྒྲ་ཐམས་ཅད་ཅང་ཤེས་པས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ། གནས་ཐམས་ཅད་ལ་མོས་པ་རྣམ་པར་གྲོལ་བའི་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་སྦྱོར་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཤེས་པ་དང་། ཇི་ལྟར་སོ་སོར་འོས་པར་ཆོས་འཆད་པས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ། དེ་འཁོར་གྱི་འཇིགས་པ་དང་བྲལ་བ་ཡིན་ཏེ། འགའ་ཞིག་ཤར་བ་དང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་ནས་འོངས་ཤིང་བདག་ལ་དྲི་བ་མི་འདྲི་གྲང་། བདག་གིས་ནི་དེ་བསྟན་མི་ནུས་སོ། །སྙམ་པའི་མཚན་མའང་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། སེམས་ཅན་ཐམས་ཅད་འདྲི་བའི་སྐབས་ཀྱང་འབྱེད་དེ། དྲི་བ་ཇི་སྐད་དྲིས་པའི་ལན་ཀྱང་འདེབས་ཤིང་འཇིགས་པ་དང་བྲལ་ལ། ཐེ་ཚོམ་ཐམས་ཅད་གཅོད་པ་ལ་མཁས་པ་ཡིན་ཞིང་། འཇིགས་པ་མེད་པར་ཡང་འཁོར་རྣམས་ལ་ཆོས་སྟོན་པའོ། །
|
བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
གཟུངས་ཀྱིས་ཐོས་པ་འཛིན་ཅིང་དོན་ལྡན་པ་མི་འཇིགས་པ། བདག་མེད་པ་ཁོང་དུ་ཆུད་པས་གཞན་གྱིས་འཚེ་བའི་མཚན་མ་མི་འབྱུང་ཞིང་རང་བཞིན་གྱིས་སྤྱོད་ལམ་སྨད་དུ་མེད་པའི་ལས་གསུམ་ཡོངས་སུ་དག་པའི་བསྲུང་བ་ཆེན་པོ་ཕུན་སུམ་ཚོགས་པས་མི་འཇིགས་པ། ཡུན་དུ་བཟུང་བས་ཆོས་མི་བརྗེད་ཅིང་ཤེས་རབ་དང་ཐབས་མཐར་ཕྱིན་པས་སེམས་ཅན་སྒྲོལ་བ་ཞིང་དང་སྟོན་པ་དང་དགེ་བའི་བར་ཆད་དུ་མི་འགྱུར་བའི་མི་འཇིགས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་ཉམས་ཤིང་ཐེག་པ་གཞན་གྱིས་མི་འགྱུར་བར་དབང་ཡོངས་སུ་རྫོགས་པ་དང་སེམས་ཅན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡང་དག་པར་ཐོབ་པར་བྱ་བ་ལ་མི་འཇིགས་པའོ། །
|