47739

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཕྱོགས་ཤམྦྷ་ལ་ (1)
Part of speech མིང་ཚིག
Definition ཤམྦྷ་ལའི་ཞིང་གི་བཀོད་པ་ནི། གངས་ལྡན་གྱི་དབུས་ནས་ཕྱེད་དུ་བགོས་པའི་ནུབ་ཕྱོགས་ཀྱི་ཕྱེད་ན་བྱང་ཤམྦྷ་ལ་ཡིན། ཞིང་དེ་ནི་ཤིན་ཏུ་ཟླུམ་པོ་ལྟེ་བ་དང་བཅས་པའི་པདྨ་འདབ་མ་ཅན་གྱི་དབྱིབས་ཅན་དུ་ཡོད། ཟླུམ་པོ་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལྟེ་བའི་ཚད་དང་། ཆ་གཉིས་འདབ་མའི་ཚད་ཡིན། ལྟེ་བ་ལ་དཔག་ཚད་སྟོང་། འདབ་མ་བརྒྱད་ཡོད་པའི་འདབ་མ་རེ་རེ་ལ་དཔག་ཚད་སྟོང་སྟོང་ཡོད། དབུས་ཀྱི་ལྟེ་བའི་མཐའ་ནས་གངས་རིའི་ཕྲེང་བས་རིམ་པ་གཅིག་བསྐོར་བ་དང་། འདབ་མ་བརྒྱད་ཀྱི་མཐའ་ནས་གངས་རིའི་ཕྲེང་བས་རིམ་པ་གཅིག་བསྐོར་སྟེ། གངས་རིས་རིམ་པ་གཉིས་སུ་བསྐོར་བའི། རིའི་རྩེ་མོ་ཐམས་ཅད་གངས་རི་དང་། དེ་མཚམས་གཡའ་རི། དེ་ནས་རྫ་རི་དང་། དེ་ནས་སྤངས་རི་དང་། དེ་ནས་ནགས་རི་དང་། སྤོས་ཤིང་གི་རི་དང་། མེ་ཏོག་སྣ་ཚོགས་སྨན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ལུང་པའི་གཞུང་ཐམས་ཅད་མཚོ་དང་། རྫིང་བུ་དང་། ནེའུ་གསེང་དང་། ལྗོན་ཤིང་དང་། སྐྱེད་མོས་ཚལ་སྣ་ཚོགས་པས་གཞན་ལས་ཁྱད་པར་དུ་འཕགས་པའི་བཀོད་པ། རྒྱ་ཁྱོན་ཡངས་ཤིང་འདོད་དགུ་འཛོམས་པ། ཡིད་དུ་འོང་བ། བག་ཕེབས་པའི་འདབ་མ་ལས་ཅུང་ཟད་མཐོ་བའི་དབུས་ཀྱི་ལྟེ་བའི་སྟེང་དུ། རྒྱལ་པོའི་ཕོ་བྲང་ག་ལཱ་བ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་དཔག་ཚད་བཅུ་གཉིས་པ། ཕོ་བྲང་དེའི་དབུས་སུ་རིགས་ལྡན་རྒྱལ་པོ་བཞུགས་པའི་ཁང་པ་རྣམས་མརྒད་དང་། ཟླ་བ་ཆུ་ཤེལ་དང་རྡོ་རྗེ་ཕ་ལམ་ལས་བྱས་པའི་འོད་ཀྱིས་ཚེས་བཅོ་ལྔའི་ཟླ་བའི་འོད་ཀྱང་ཟིལ་གྱིས་མནན་ནས་ཟླ་བ་ལ་བལྟས་ཚེ་སྐྱ་འཁྱིལ་བ་ཞིག་ལས་གཟི་བྱིན་འབྱིན་མི་ནུས་པ། ཁང་པའི་ལོགས་ལ་ཤེལ་སྒོ་སྣ་ཚོགས་ལས་གྲུབ་པའི་འོད་ཀྱིས་ཉིན་མཚན་བྱེ་བྲག་མི་ཕྱེད་ཅིང་། བཞུགས་ཁྲི་དེ་རྣམས་རིན་པོ་ཆེ་མཆོག་གི་ཕྲས་བཏབ་པའི་གསེར་དང་། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་དང་། རིན་པོ་ཆེ་དེ་དག་ཉིད་ལས་གྲུབ་པ་དེ་དག་གི་ངོས་ལ་དྭངས་ཤེལ་གྱི་མཆོག་མེ་ལོང་ལྟ་བུའི་གཞིར་ཐག་རིང་པོ་དཔག་ཚད་ལྔ་བཅུ་ཙམ་གྱི་སའི་ཁྱོན་གྱི་ཆུ་ནང་གི་སྲོག་ཆགས་ཚུན་ཆད་ཀྱི་གཟུགས་བརྙན་འཆར་བའི་ལྟད་མོ་མང་པོ་དང་། སྐར་ཁུང་གི་ངོས་དག་ལ་ཡང་མན་ཤེལ་གྱི་འཁོར་ལོ་ཡོད་པ་ལས་བལྟས་པའི་ཚེ་ཉི་ཟླ་སྐར་གསུམ་གྱི་ཁང་བཟང་དང་། ཁྱིམ་བཅུ་གཉིས་སོགས་མདུན་ན་གནས་པ་བཞིན་དུ་མཐོང་བ་དང་། བཞུགས་ཁྲིའི་མཐར་ཙནྡན་ས་མཆོག་གི་ཁྲ་བསྐྱོར་དྲི་བཟང་པོ་དཔག་ཙད་དུ་འཕྲོ་བ་དང་། ཆེན་པོ་ལ་འོས་པའི་རས་དང་། གོས་སྲང་བྱེ་བ་སྟོང་རི་བ་དག་གི་སྟན་དང་སྙེ་འབོལ་སོགས་ཡོད་དོ་ཞེས་ངག་དབང་བློ་བཟང་གིས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:བྱང་ཕྱོགས་ཤམྦྷ་ལ་

|; |@@@ | | }}